བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ། བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་ཚད་མགྱོགས་པོར་ཕྱིན་ནས་ཁུལ་ཡོངས་ཀྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།

        ལོ་ལྔ་ཚན་བཅུ་གསུམ་པའི་དུས་རིང་དུ།  ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཕལ་ཆེར་དུང་ཕྱུར་1.01སྣེ་ལེན་བྱས་ཡོད་པ་དང་། ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་དང་བསྡུར་ན་60.46%འཕར་ཡོད།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1107.72ཟིན་ཡོད།  ཁྱོན་རིག་གནས་ཡུལ་སྐོར་གྱི་འཛུགས་སྐྲུན་རྣམ་གྲངས་20ལྷག་སྐུལ་འདེད་བཏང་ཡོད།རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་151.053ལེགས་གྲུབ་བྱུང་ཡོད།  2020ལོའི་བར་དུ།  བདེ་ཆེན་ཁུལ་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་7དང་།  ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་12དང་ཁུལ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་34དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་49ཡོད་པ་དང་།  ཁུལ་རིམ་པའི་དངོས་མང་བཤམས་སྟོན་ཁང་2དང་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་21   ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་1   ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན་1ཡོད་ལ།   རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་8དང་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་29   ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་120ཡོད་པ་དང་།  རྒྱལ་ཁབ་རིམ་པའི་རྒྱུད་འཛིན་བྱེད་མཁན་5དང་ཞིང་ཆེན་རིམ་པའི་རྒྱུད་འཛིན་བྱེད་མཁན་52   ཁུལ་རིམ་པའི་རྒྱུད་འཛིན་བྱེད་མཁན་53   རྫོང་རིམ་པའི་རྒྱུད་འཛིན་བྱེད་མཁན་213ཡོད་པ་རེད།       སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབའ་ལུང་རྫོང་བར་དང་འབའ་ལུང་རྫོང་ནས་འཇོལ་རྫོང་བར་གྱི་གཙོ་རྐང་འགྲོ་ལམ་གསར་དུ་སྣོན་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འདབ་པ་བར་གྱི་རིམ་པ་དང་པོའི་བགྲོད་ལམ་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་གཏོང་བ། སྔར་ལས་ལྷག་པར་ལྗོངས་ཁུལ་གྱི་ཆེད་སྤྱོད་གཞུང་ལམ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ།རྫ་ཆུའི་རྒྱུད་ཀྱི་ལྗོངས་ལྟ་ལམ་ཐིག་བཞེངས་སྐྲུན་བཅས་བྱས་ནས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་འགྲིམ་འགྲུལ་ལམ་ཐིག་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་བ་རེད།

        ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་སུ།  རང་ཁུལ་གྱིས་ལྗང་མདོག་ནི་ཞབས་མདོག་ཡིན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་དང་།  ཡུལ་སྐོར་གསར་བརྗེའི་རིམ་པ་གསུམ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་ཧུར་ཐག་སྒོས་ཏན་ནུབ་ཆེན་པོའི་ཡུལ་སྐོར་སྐོར་ལམ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་འཛམ་གླིང་རིམ་པའི་སྤུས་རྟགས་བཞེངས་སྐྲུན་ཧུར་ཐག་བྱེད་དེ་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་གཏོད་པ།ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་རྟགས་རྒྱུན་མི་ཆད་པར་གོང་དུ་གཏོང་བ་བཅས་བྱས་ནས་ལོ་ལྔ་ཚན་བཅུ་བཞི་པའི་མཇུག་ཏུ་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡོམས་འཕར་ཐང་1/3ཡན་དུ་འཕར་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།