ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོཊ་པ་བདེ་ཆེན་དུ་བཅར་འདྲི་ཡོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ཟླ་7པའི་ཚེས་16ཉིན་ནས་ཚེས་20ཉིན་བར་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་དང་འོད་ཟེར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚཌ་པར་ཁང་སོགས་སྨྱན་སྦྱོར་ཚན་པ་10ལྷག་ཙམ་གྱི་གསར་འགོད་པ་ལས་གྲུབ་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་བཅར་འདྲི་ཚོགས་པ་བདེ་ཆེན་དུ་ཡོང་ནས་རང་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། མི་རིགས་རིག་གནས་རྒྱུན་འཛིན་བཅས་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་འགྱུར་ལྡོག་ཆེན་པོ་སྔོག་འདོན་གཏིང་ཟབ་བྱས་ཡོད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བཅར་འདྲི་ཚོགས་པས་ཡང་ཐང་གྲོང་རྡལ་དང་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་དུ་བསྐྱོད་དེ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱིས་ཞིང་དུད་ལ་འབབ་འཕར་དང་གྲོང་ཚོའི་འཕེལ་རྒྱས་ལ་འགྱུར་ལྡོག་བྱུང་བ་དང་དེ་བཞིན་མི་རིགས་མང་པོའི་མཐུན་སྒྲིལ་འཚོ་བའི་གཏམ་རྒྱུད་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

        འབའ་ལུང་རྫོང་དུ་བཅར་འདྲི་ཚོགས་པ་ཞིང་དུད་ཀྱི་ཁྱིམ་དང་ཞིང་ནང་བསྐྱོད་དེ་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱིས་ས་གནས་དེ་གའི་ལི་སུའུ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་མི་རྣམས་དགའ་འོས་པའི་འགྱུར་ལྡོག་བྱུང་བ་མྱོང་ཚོར་ཟབ་མོ་བྱུང་བ་དང་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་ཚོ་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་ཀྱིས་བཅར་འདྲི་ཚོགས་པའི་ཁོངས་མིར་སེམས་འགུལ་ཟབ་མོ་ཐེབས་ཡོད།

        འཇོལ་རྫོང་དུ་བཅར་འདྲི་ཚོགས་པ་ཀོང་རྩེད་ར་གྲོང་རྡལ་དང་འཇོལ་རྫོང་སློབ་ཆུང་དང་བོར་ཡོང་ནས་ཡུན་ནན་ནས་བོད་ལྗོངས་གཞུང་ལམ་བཟོ་སྐྲུན་དང་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བ་སོགས་ཀྱི་གཏམ་རྒྱུད་བཅར་འདྲི་གཏིང་ཟབ་བྱས་པ་རེད། 

        བཅར་འདྲི་བྱེད་རིང་སྨྱན་སྦྱོར་ཚོགས་པས་སྨྱུ་གུ་དང་བརྙན་ཤེལ། སྐད་སྦུག་གཞི་རིམ་གྱི་མི་སེར་ལ་གཏད་དེ་ལྟ་ཕྱོགས་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་ཐོག་ནས་ལོ་བཅུ་ཕྲག་ཁ་ཤས་རིང་བདེ་ཆེན་ལ་བྱུང་བའི་འགྱུར་ལྡོག་དང་མི་དམངས་མང་ཚོགས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དུས་རབས་གསར་པ་དང་བདེ་ཆེན་གསར་པའི་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།