ཆོས་དབྱིངས་སྐྱིད་ཨའོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ7པའི་ཚེས14ཉིན་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། བསྡོམས་པས་ལུས་རྩལ་མི་སྣ777ཞུགས་ཡོད་ལ། ཕྱི་རྒྱལ་དུ་འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་ཆེས་མང་བའི་ཐེངས་ཤིག་རེད། དེའི་ནང་མཚོ་སྔོན་གྱི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་དང་སྦེ་ག་རུ་ཁག་གི་སྨན་པ་ཝུ་རུ་ཀུན་སང་ཀོ་གཉིས་ཚུད་ཡོད་པ་རེད།

        ཆུང་དུས་ནས་ལུས་རྩལ་ལ་དགའ་བའི་ཆོས་དབྱིངས་སྐྱིད་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་མགྱོགས་ཤང་གི་བོད་རིགས་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་ཡིན། 2006ལོའི་ཟླ9པར་ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་བསྐྱོད་པ་དང་། 2012ལོར་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་ཆོས་དབྱིངས་སྐྱིད་ལ་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ་པ་མ་ཟད་ཨེ་ཤེ་ཡའི་ཟིན་ཐོ་གསར་བ་བསྐྲུན། 2016ལོར་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་དང་མོ་ལ་བྱ་དགའ་ཨང་ལྔ་པ་དང་། 2018ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པ་དང་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ནང་ཨང་གཉིས་པའི་བྱ་དགའ་ཐོབ། 2019ལོའི་ཏོ་ཧ་འཛམ་གླིང་གི་མཆོང་རྒྱུག་འགྲན་བསྡུར་སྟེང་ཆོས་དབྱིངས་སྐྱིད་ལ་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ། དེ་རྗེས་མོ་ལ2019ལོའི་འཛམ་གླིང་མཆོང་རྒྱུག་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་འགྲན་སློང་འགྲན་བསྡུར་གྱི་བུད་མེད་རུ་ཁག་གི་ལོ་འཁོར་བྱ་དགའ་ཨང་དང་པོ་བཅས་བྱ་དགའ་དང་གཟེངས་རྟགས་མང་པོ་ཐོབ། ཐེངས་འདིའི་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་ནི་ཆོས་དབྱིངས་སྐྱིད་ལ་མཚོན་ན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་གསུམ་པ་ཡིན།

        ཞིང་ཆེན་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚོ་བོད་མཐོ་སྒང་གི་ལུས་རྩལ་པ་ཞིག་ཡིན་པའི་ཆ་ནས། ཁོ་མོའི་འབད་བརྩོན་གྱི་བརྒྱུད་རིམ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལས་མཚོ་བོད་མཐོ་སྒང་གི་བུ་བུ་མོས་དཀའ་བ་ཁྱད་དུ་བསད་པའི་ལུས་རྩལ་གྱི་སྙིང་སྟོབས་མཚོན་ཡོད། མོས་སྣེ་ཁྲིད་བྱས་འོག་མཚོ་སྔོན་ཞིང་ཆེན་དུ་བོད་རིགས་ལུས་རྩལ་པ་སྐོར་ཞིག་འཚར་ལོངས་བྱུང་བ་དང་། དེའི་ནང་བཀྲ་ཤིས་གཡང་འབུམ་དང་། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ་སོགས་ལུས་རྩལ་པ་སྐོར་ཞིག་རྒྱལ་ཁབ་ཀྱི་མཆོང་རྒྱུག(འདུར་རྒྱུག་འགྲན་བསྡུར)གྱི་མཉམ་སྡེབ་སྦྱོང་བརྡར་རུ་ཁག་ནང་ཚུད་ཡོད་པ་རེད། བློ་སྟོབས་ཆེན་པོ་ལྡན་པའི་ཆོས་དབྱིངས་སྐྱིད་ལ་གྲུབ་འབྲས་བཟང་པོ་ཐེངས་མང་ཐོབ་ནས་མཚོ་སྔོན་གྱི་འདུར་རྒྱུག་འགྲན་བསྡུར་གྱི་སྣེ་ཁྲིད་མི་སྣར་གྱུར་བ་དང་། མོས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་མཚོ་སྔོན་དང་ཐ་ན་རྒྱལ་ཁབ་ཀྱི་འདུར་རྒྱུག་འགྲན་བསྡུར་གྱི་ལུས་རྩལ་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།  །