ཡང་ཐང་གི་དབྱར་གཞུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ནམ་ཟླ་དབྱར་ཁ་སླེབས་བྱུང་། མེ་ཏོག་སྤང་དུ་མཛེས་སོང་། བདེ་ཆེན་གྱི་དབྱར་ཁར་ཐུན་མོང་མ་ཡིན་པའི་མཛེས་པ་ཞིག་ཡོད་ལ། ལྷག་པར་དུ་ཡང་ཐང་གི་དབྱར་གཞུང་གིས་བདེ་ཆེན་དབྱར་གཞུང་གི་མཛེས་པ་ཡོད་ཚད་གཅིག་བསྡུས་ཀྱིས་མཚོན་ཐུབ་ཅེས་བཤད་ཆོག

        ཉིན་དེར། ཉི་འོད་འཇམ་པོའི་ཁྲོད་སྐབས་རེར་སྤྲིན་ནག་དུམ་བུ་རེ་རི་མགོ་ནས་ཆད་ཡོང་ནས་ཆར་བ་ཟམ་ཟིམ་འབབ་ལ། སྐབས་རེར་དབྱར་རླུང་འཇམ་པོ་རེ་ལྡང་ཡོང་ནས་མེ་ཏོག་དག་གི་མགོ་ལྕོག་ལྡམ་ལྡེམ་བྱེད།  རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་སྤང་ལྗོངས་གྱི་ཁུག་དང་ནེའུ་གསེང་གི་དཀྱིལ། ནགས་རིའི་འདབས་སོགས་སུ་གང་དགར་རྩྭ་བཅུད་ལ་རོལ་བཞིན་ཡོད་ལ། སུ་རུ་མེ་ཏོག་རྣམ་པར་བཀྲ་བའི་ལམ་འགྲམ་གྱི་སྤང་ལྗོངས་དེར། ལམ་འགྲོ་བ་དེ་དག་ཡིད་དབང་མེད་པར་བཀུག་ཡང་ནས་མེ་ཏོག་དང་རྩྭ་ཐང་ལ་མཉམ་པར་རེ་རྒྱག་ལ། མེ་ཏོག་གི་དྲི་ངད་འཁྱིལ་བའི་སྤང་ཁུག་འདི་ནས་དགྱེས་མེད་པ་ཇི་བཞིན་ཐ་ཐོར་གྱིས་ལམ་ལ་ཆས་འགྲོ།


        འདི་ལྟར། ཡང་ཐང་གི་དབྱར་གཞུང་ནི་མི་མང་བོ་ཞིག་གི་ཕྱིར་དྲན་ཁྲོད་ལུས་ཡོད་ལ། དེ་ཡང་མི་མང་བོ་ཞིག་གི་རེ་སྒུག་ཁྲོད་ལུས་ཡོད། འོན་ཀྱང་སྐབས་འདི་ང་ཡང་ཐང་གི་དབྱར་གཞུང་འདིའི་སྤང་དུ་ཡོད་ལ། ཡང་ཐང་གི་དབྱར་འདི་ཡང་ངའི་སེམས་པའི་གཏིང་རིམ་དུ་གཉེར་ཡོད།