བདེ་ཆེན་ཁུལ་གྱིས་བོད་བརྒྱུད་ནང་བསྟན་གྱི་གཞོན་དར་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-13   རྩོམ་ཁུངས།   

  ཟླ་7པའི་ཚེས་12ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་གྱིས་བོད་བརྒྱུད་ནང་བསྟན་གྱི་གཞོན་དར་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་གཉེར་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གདམ་གསེས་ནན་པོ་བྱས་མཐར་གཞོན་དར་གྲྭ་བཙུན་65གསོ་སྦྱོང་ནང་ཞུགས་པ་རེད།

    ཐེངས་འདིའི་གསོ་སྦྱོང་ནི་རྒྱུན་གཏན་གྱི་ཆོས་ལུགས་དོ་དམ་ཞབས་ཞུའི་ཁྲོད་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ཡིན་མིན་འདམ་གསེས་མདུན་དུ་ལངས་ཕྱོགས་བརྟན་པོ་ཡོད་པ་དང་མི་རིགས་མཐུན་སྒྲིལ་དང་།གསོ་སྐྱོང་སྦྱོང་བརྡར་བྱེད་སྐབས་ལག་ལེན་དངོས་ཀྱི་སློབ་ཁྲིད་དང་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཟུང་འབྲེལ་བྱེད་ཐབས་སྤྱད་དེ། སློབ་མ་སྒྲིག་འཛུགས་བྱས་ནས་ཀུའེ་ཀྲོའུ་ཙུན་དབྱི་སོགས་གསར་བརྗེའི་རྟེན་གཞིར་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་དང་། གསར་བརྗེའི་སློབ་གསོ། རྒྱལ་གཅེས་རིང་ལུགས་སྐོར་གྱི་སློབ་གསོ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛིན་སྟངས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ།

    གསོ་སྦྱོང་ཚོགས་འདུའི་ཐོག་གསོ་སྦྱོང་ནང་ཞུགས་མཁན་སློབ་མས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་སྟོན་དགོས་པ། ལངས་ཕྱོགས་གསལ་བོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐད་མིག་དཔེ་སྟོན་དགོས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་མིག་དཔེ་འདོན་དགོས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐད་དཔེ་སྟོན་བྱེད་དགོས་པ། ཆོས་ལུགས་ལས་རིགས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་དཔེ་སྟོན་བྱེད་དགོས་པ། ཏང་གི་རྗེས་སུ་འབྲང་བ་དང་ཏང་གི་བཀའ་དྲིན་དྲན་པའི་ཐད་དཔེ་སྟོན་བྱེད་དགོས་པ་བཅས་བསྟན་པ་རེད།