འབྲི་མར་ལ་ལུས་གསོ་ནད་སེལ་གྱི་ཕན་ནུས་མང་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-08   རྩོམ་ཁུངས།    ཆབ་མདོ་བོད་སྐད་འཕྲིན་ལམ།

འབྲི་མར་ནི་འབྲིའི་འོ་མ་དཀྲོགས་ནས་བླངས་པ་ཞིག་ཡིན་པས། འདིར་འཚོ་བཅུད་ལྡན་ལ་ལུས་ཁམས་གསོ་བ་སོགས་ཀྱི་ཕན་ནུས་མི་ཉུང་བ་ཞིག་ཡོད་པ་སྟེ།
    དང་པོ།  གཉན་ཚད་འཇོམས་ཐུབ།  
    མར་ལ་ཚིལ་སྐྱུར་གྱི་གྲུབ་ཆ་ལྡན་པས།  ཕོ་རྒྱུ་སྲུང་བར་ཕན་ཐོགས་ཀྱི་ཡོད།
    གཉིས་པ། ལུས་ཟུངས་གསོ་ཐུབ།
    འབྲི་མར་ལ་འཚོ་བཅུད་མང་པོ་ལྡན་ཞིང་།  འཚོ་བཅུད་དེའི་རིགས་ནི་འབྲིའི་འོ་མ་ཁོ་ནར་ཡོད་པ་ཞིག་ཡིན།
    གསུམ་པ།  ཡོ་རོབ་ཀྱི་འཚོ་བཅུད་རིག་པའི་དུས་དེབ་ཞིག་ཏུ་མར་གྱིས་བཟའ་སྣུམ་གྱི་ཚབ་བྱས་ཚེ། སྙིང་ནད་དང་གྲིབ་ནད་ཕོག་ཚད་ཉུང་དུ་གཏོང་ཐུབ་པའི་ཞིབ་འཇུག་གི་འབྲས་བུ་ཞིག་བཀོད་ཡོད།
    བཞི་བ།  སྐྲན་ནད་འཇོམས་པའི་དམིགས་བསལ་གྱི་ནུས་པ་ལྡན།  
    འབྲི་མར་གྱིས་གཉན་ཚད་འཇོམས་ཐུབ་པ་མ་ཟད།  སྐྲན་ནད་ཀྱི་ཕྲ་ཕུང་འཇོམས་ཐུབ་པས།  མར་ཉོ་སྐབས་ངེས་པར་དུ་འབྲི་མར་འདེམས་དགོས་པའི་རྒྱུ་རྐྱེན་ཡང་དེ་ཡིན།  
    ལྔ་པ། མར་ནང་འཇུ་སླ་བའི་འཚོ་བཅུད་མང་པོ་ཡོད།
    མར་ནང་བདེ་ཐང་ལ་ཕན་ཞིང་འཇུ་སླ་བའི་འཚོ་བཅུད་སྣ་ཚོགས་འདུས་ཡོད་པས་དེས་རུས་པ་དང་ཀླད་པའི་བདེ་ཐང་ལ་ཕན་ཐོགས་ཡོད་པ་མ་ཟད།  ནད་འགོག་མ་ལག་ལེགས་སུ་འགྲོ་བར་དེ་བས་ཕན་ཐོགས་ཆེ།  
    དྲུག་པ།  ཤ་སྐམ་དུ་གཏོང་བར་ཕན་པ་ཡོད།  
    མི་ལ་ལས་རྒྱུན་དུ་ཤ་སྐམ་དུ་འགྲོ་ཆེད་མར་ཟ་ཡི་མེད། དོན་དངོས་ཐོག་མར་གྱིས་མིའི་ལུས་པོའི་ཚིལ་སྣ་ཚོགས་ཞུ་བས།  ཤ་སྐམ་དུ་གཏོང་བར་ཕན་ཐོགས་ཡོད།