​བདེ་ཆེན་གྱི་མི་ཁྲི་23ལ་ཏོག་གསར་གློ་ཚད་ཀྱི་སྨན་ཁབ་གཉིས་པ་རྒྱབ་ཚར

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཉེ་ཆར་རྫོང་པ་ནགས་ལྕོག་རི་བོའི་འདབས་ཀྱི་མི་རིགས་ལུས་རྩལ་ཁང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ནད་དུག་རིམས་འགོག་གི་སྨན་ཁབ་རྒྱག་ཡུལ་དུ་མང་ཚོགས་རྣམས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་རིམས་འགོག་སྨན་ཁབ་རྒྱག་གི་ཡོད།  ཟླ་7པའི་ཚེས་4ཉིན་གྱི་ཆུ་ཚོད་24ཡོལ་ཙམ་ལ་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་སྨན་ཁབ་ཐེངས་482201བརྒྱབ་ཡོད། དེའི་ནང་སྨན་ཁབ་གཉིས་བརྒྱབ་ཚར་བའི་མི་233095ཡོད་པ་དང་། སྨན་ཁབ་ཐེངས་གཅིག་བརྒྱབ་ཚར་བའི་མི་16011ཡོད།      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་ནད་ཡམས་ཚོད་འཛིན་ལས་དོན་མི་སྣ་ལི་ཡུང་ཅན་གྱིས་བཤད་ན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ཁྱོན་རིམས་འགོག་སྨན་ཁབ་རྒྱག་ཡུལ་16ཡོད་པ་དང་།  ཟླ་7པའི་ཚེས་4ཉིན་བར་གྲོང་ཁྱེར་ཡོངས་སུ་རིམས་འགོག་སྨན་ཁབ་260374ཐོན་ཡོད་པ་དང་། རིམ་འགོག་སྨན་ཁབ་ཐེངས་260355ལ་བརྒྱབ་ཡོད།   མཛོད་ཉར་རིམས་འགོག་སྨན་ཁབ་མེད་ཅིང་།  རིམ་རྩིས་བྱས་ན་མི་133563ལ་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པ་དང་ལོ་18ཡན་གྱི་མི་འབོར་གྱི་90.86%བཟུང་ཡོད།   རིམས་འགོག་སྨན་ཁབ་ཐེངས་དང་པོ་རྒྱག་མཁན་མི་6771ལས་མེད་ཅིང་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་མཁན་མི་126792ཡོད།   ཞིང་ཆེན་རིམ་པའི་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་པའི་འོས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་བ་དང་།   ཁུལ་རིམ་པའི་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་པའི་འོས་འགན་མི་གྲངས124950ལས་ཀྱང་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཚད101.47%ཟིན་ཡོད།