བདེ་ཆེན་བ་ཞིག་ཏང་དབུ་བརྙེས་ནས་ལོ100ལོན་པའི་རིག་རྩལ་འཁྲབ་སྟོན་ནང་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་ཆར་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་རིག་རྩལ་འཁྲབ་སྟོན་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ཞེས་པ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་།  འཁྲབ་སྟོན་དེ་ལོ་རྒྱུས་སྙན་ངག་གི་རྣམ་པའི་ཐོག་ནས་སྒྱུ་རྩལ་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་།འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་བརྗིད་ཉམས་ཆེ་བའི་རི་མོ་གསོན་ཉམས་དོད་པོས་མངོན་པ་བྱས་ཡོད།

     དེའི་ཁྲོད་ཀྱི་ཟློས་གར་དང་གླུ་གར་གྱི་ལེ་ཚན་《ཤར་ཕྱོགས་ངོ་མཚར་ཆེ་བ》ཞེས་པསར་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད།   དེ་ལས་ཀྱང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཐོན་པ་དང་།   མིག་སྔར་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བློ་བཟང་ཕུན་ཚོགས་ལེ་ཚན་འདིའི་ནང་ཞུགས་ནས་འཁྲབ་སྟོན་བྱས་ཏེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གར་སྟེགས་ཐོག་འཛེགས་ཡོད།

     བློ་བཟང་ཕུན་ཚོགས་ལས་ཀྱིས་བཤད་ན་ཁོ་བོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཡོང་བ་དང་མིག་སྔར་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད། རྒྱལ་ཡོངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་འདིར།  ང་རང་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ཞེས་པར་ཞུགས་ཐུབ་པར་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། ལྷོ་ནུབ་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ནས་རྒྱལ་སའི་བར་སློབ་སྦྱོང་བྱེད་པའི་སློབ་མ་ཞིག་གི་ངོས་ནས་བརྗོད་ན། ད་རེས་ཀྱི་གོ་སྐབས་ཧ་ཅང་རྩ་ཆེན་ཡིན་པ་ངས་ཤེས་ཀྱི་ཡོད། དེར་བརྟེན་བྱེད་སྒོའི་ནང་ལས་དོན་མི་སྣ་ཚང་མ་དང་མཉམ་དུ་ནང་སྦྱོང་ཧུར་ཐག་དང་འཁྲབ་སྟོན་ནན་ཏན་བྱས་པས་ད་རེས་ཀྱི་བྱེད་སྒོ་ལས་ངས་ཤེས་བྱ་མང་པོ་ཤེས་བྱུང་། རང་ཉིད་ནི་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་སེམས་སྐྱེ་གི་འདུག     ང་རང་ནི་ཀྲུང་གོ་ནས་སྐྱེས་ཤིང་།  དར་དམར་འོག་ཏུ་འཚར་ལོངས་བྱུང་བར་དགའ་སྤྲོ་སྐྱེས་ཡོད་ཟེར།  

    ང་ཚོ་ནི་དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་གུང་ཁྲན་ཏང་མི་རྒན་རབས་ཚོའི་བླ་ན་མེད་པའི་སྙིང་སྟོབས་བློ་ལ་བརྟན་པོར་ངེས་པ་དང་རྒྱུན་འཛིན་བྱས་ཏེ་སྒེར་གྱི་ཕུགས་བསམ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་བྱེད་དགོས་ཤིང་།   ཀྲུང་གོ་བའི་བློ་སྟོབས་དང་།  རུས་པ་མཁྲེགས་པོ།  གདིང་ཤུགས་བཅས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་གཞན་དང་མི་འདྲ་བའི་ངོ་མཚར་ཆེ་བའི་མི་ཚེ་ཞིག་གཏོད་དགོས་པའི་བསམ་འདུན་བསྟན་ཡོད།