ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ཕུལ་བའི་མེ་ཏོག་ཚོམ་བུ་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ན་ཀྲུང་གོ་གུང་ཁྲན་ཏང་གི་ལོ་100སྐྱེས་བསུ་བའི་སྐབས་འདིར།བདེ་ཆེན་ཡང་དེ་ལས་མ་འདས་པར་རྒན་གཞོན་ཕོ་མོ་མེད་པར་ཏང་གི་བཀའ་དྲིན་དྲན་བཞིན་བསྟོད་གླུ་དང་བསྔག་བརྗོད་ཀྱི་འཁྲིག་ཆའི་ཁྲོད་དུ་འཐིམ་ཡོད་པ་རེད།བཀྲ་ཤིས་དགའ་སྟོན་ལ་རོལ་བའི་དུས་མཚམས་འདིར།ནགས་ལྕོག་རི་བོའི་རི་ལུང་ཀུན་དུ་སྟག་མའི་མེ་ཏོག་དང་སུ་རུའི་མེ་ཏོག་གིས་བརྒྱན་ཡོད་ལ།མེ་ཏོག་གི་དྲི་ངད་ཕྱོགས་བཞིར་ལྡང་བཞིན་ཡོད།

    ད་ལོ་བདེ་ཆེན་གྱི་དཔྱིད་ཟླ་ནི་ཆར་ཆུ་ཉུང་ལ་སྐམ་གཤིས་ཆེ་བས་ནགས་ལྕོག་རི་བོའི་སྟག་མའི་མེ་ཏོག་བཞད་པར་ཅུང་ཕྱིར་འགྱངས་བྱས་པ་རེད།སྟབས་ལེགས་པ་ཞིག་ལ་ཉེ་སྔོན་གློ་བུར་དུ་བདེ་ཆེད་དུ་ཆར་ཆུ་ཅུང་མོད་ལ། རི་ལུང་ཀུན་རྩྭ་དང་རྩི་ཤིང་རབ་དུ་རྒྱས་ཤིང་།དེ་ཕྱིར་ནགས་ལྕོག་རི་བོའི་སྟག་མའི་མེ་ཏོག་དང་སུ་རུ་མེ་ཏོག་གཙོ་བྱས་པའི་མེ་ཏོག་སྣ་ཚོགས་ཀྱིས་འདབ་བརྒྱ་གྲོལ་ཞིང་།རི་ལུང་འདི་མཛེས་པའི་མེ་ཏོག་གིས་བརྒྱན་པ་རེད།འདི་ཡང་བདེ་ཆེན་མང་ཚོགས་ཀྱིས་ཆེད་དུ་ལོ་བརྒྱའི་དགའ་སྟོན་ལ་གྲ་སྒྲིག་བྱས་པའི་མེ་ཏོག་སྣ་བརྒྱའི་ཚོམ་བུ་ཞིག་དང་གཉིས་སུ་མེད།