ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་སྐྲུན་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-30   རྩོམ་ཁུངས།    མི་དམངས་དྲ་བ།

    མིག་སྔར། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ལམ་གཞི་དང་ཟམ་པ་97%ལས་ཚར་ཡོད། ལམ་ཐིག་ཡོངས་ཀྱི་ཕུག་ལམ་16ཤར་གཏོང་ཐུབ་ཡོད་པ་དང་། འབབ་ཚུགས་གསུམ་གྱི་ཁང་པ་ཁྱོན་ཡོངས་ནས་མཛེས་བཟོ་ཡི་དུས་རིམ་ལ་སླེབས་ཡོད། འཁོར་ལམ་འདིང་བའི་ལས་གྲྭ་སྤྱི་ལེ་13ལེགས་འགྲུབ་བྱས་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ལམ་འདིའི་མ་ཐིག་གི་རིང་ཚད་ལ་སྤྱི་ལེ་140ཙམ་ཡོད་པ་དང་། ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད། ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་4ཙམ་ནང་སླེབས་ཐུབ།