བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(དངོས་སྦྱོང་གསར་འགོད་པ།རྣམ་འབྱོར་ཚེ་རིང་།)ཟླ6པའི་ཚེས28ཉིན་གྱི་དགོང་མོར།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་།ཏང་གི་བཀའ་དྲིན་ཚོར་བའི་དངོས་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།

    ཐེངས་འདིའི་བྱེད་སྒོ་ནི་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་། བདེ་ཆེན་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་གཙོ་སྒྲུབ་གནང་བ་དང་།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དང་། བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་སྒྲུབ་འགན་འཁུར་བ། བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་ཀྱིས་མཐུན་སྦྱོར་བྱས་པ་རེད།

    བྱེད་སྒོའི་ཐོག་སློབ་བུ་རྣམས་ཀྱིས་རས་པ་དང་ཀོང་རྩེད་རའི་སྐོར་བྲོ་སོགས་སྲོལ་རྒྱུན་གྱི་ཞབས་བྲོ་སྣ་ཚོགས་དང་།ནམ་ཡང་ཏང་གི་རྗེས་སུ་འབྲངས།》《ང་ཡི་མེས་རྒྱལསོགས་གྱེར་འདོན་སྣ་ཚོགས། དེ་མིན་གོས་རྒྱན་དང་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་དང་།སྨོན་ལམ་འདེབསསོགས་གླུ་གཞས་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

    གཞན་བྱེད་སྒོའི་ཐོག་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ཟླ4པའི་ཚེས30ཉིན་སྤེལ་བའི་དངོས་མིན་རིག་གནས་ཤུལ་བཞག་གི་གཏམ་བཤད་འགྲན་བསྡུར་སྐབས་གསུམ་པའི་སྟེང་བྱ་དགའ་ཐོབ་བའི་སློབ་བུ་རྣམས་ཀྱི་བྱ་དགའི་གཟེངས་རྟགས་གནང་བ་རེད།

    ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་བུ་རྣམས་ཀྱིས་ཏང་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་མཚོན་པ་དང་།བློ་བརྟན་འགྱུར་མེད་ཀྱི་དད་སེམས་ཐོག་ནས་ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་མཚོན་པར་བྱས་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དོན་སྙིང་ལྡན་པ་རེད།

མཐར་ཐེངས་འདིའི་བྱེད་སྒོར་ཞུགས་པའི་གདན་ཞུ་སྐུ་མགྲོན་དང་དགེ་སློབ་ཡོངས་ཀྱིས་མཉམ་དུ་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད》ཅེས་པ་བླངས་ནས་བྱེད་སྒོ་མཇུག་རྫོགས་པ་རེད།