བདུན་གཅིག་གཟེངས་རྟགས་ཐོབ་པའི་བློ་མཐུན29ཡི་མིང་ཐོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-29   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

    ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཟླ6པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་། བདུན་གཅིག་གཟེངས་རྟགསགནང་བའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་ཐོག་མའིབདུན་གཅིག་གཟེངས་རྟགསགནང་བ་དང་གཏམ་བཤད་གལ་ཆེན་གནང་། 
    ཀྲུང་དབྱང་བརྙན་འཕྲིན་ཁང་གསར་འགྱུར་མགྲོན་སྣེ་ཡིས་བཀོད་པའི་གསར་འཕྲིན་ལྟར་ན།  སྔ་དྲོའི་ཆུ་ཚོད10སྟེང་།  སྙན་འཇེབས་རོལ་མོའི་འགྱུར་ཁུགས་དང་བསྡོངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིངབདུན་གཅིག་གཟེངས་རྟགསཐོབ་མཁན་རྣམས་དང་ལྷན་དུ་མི་དམངས་ཚོགས་ཁང་ཆེན་མོའི་གསེར་འོད་ཚོམས་ཆེན་དུ་བསྐྱོད་པ་དང་། ཚོགས་ཞུགས་མི་སྣ་ཚང་མ་ཡར་ལངས་ནས་དགའ་སྤྲོའི་ཐལ་མོ་བརྡབས།

    《ཀྲུང་གུང་ཀྲུང་དབྱང་གི བདུན་གཅིག་གཟེངས་རྟགསགནང་ཐབས་སྐོར་གྱི་གཏན་འབེབསལྟར། བློ་མཐུན29བདུན་གཅིག་གཟེངས་རྟགསགནང་།