བདེ་ཆེན་གྱིས་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་ཆེད་དོན་འགྲེམས་སྟོན་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་6པའི་ཚེས་26ཉིན་བདེ་ཆེན་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་ཆེད་དོན་འགྲེམས་སྟོན་དེ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད། 

    ཟླ6པའི་ཚེས26ཉིན་ནས་བཟུང་ཟླ་12པའི་ཚེས་31ཉིན་བར་དུ་ཚང་མས་འདིར་ཕེབས་ནས་འགྲེམས་སྟོན་ལ་གཟིགས་ཆོག་པ་རེད།

    ཐེངས་འདིའི་ཆེད་དོན་འགྲེམས་སྟོན་གྱི་ནང་དོན་ནང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལམ་བུ་དང་།ཏང་གི་བདེ་ཆེན་གྱི་འཕེལ་རྒྱས་ལོ་རྒྱུས།བདེ་ཆེན་ལ་ཏང་གི་འགོ་ཁྲིད་འོག་བྱུང་བའི་འཕོ་འགྱུར་ཆེན་པོ་སོགས་ཚུད་ཡོད། རི་མོ་དང་ཡི་གེ་མཉམ་རྒྱས་དང་།བརྒྱུད་ལམ་སྣེ་མང་སོགས་ཀྱི་མཚོན་ཚུལ་རྣམ་པ།སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་ཚེགས་ཆེ་བའི་རྒྱང་སྐྱོད་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་བས་ཐད་མཐོང་དང་དེ་བས་གསལ་བའི་སྒོ་ནས་ཚོར་ཐུབ་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་འཕེལ་རྒྱས་ཀྱི་བློ་གྲོས་བསྡུ་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྲོད་མདུན་སྐྱོད་ཀྱི་སྒུལ་ཤུགས་སྐུལ་སློང་བྱ་རྒྱུ་ཁྲིད་སྟོན་བྱས་པ་རེད།

    རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་དེ་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར་བྱས་ན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་ཤེས་རྟོགས་དང་ཏང་གི་འགོ་ཁྲིད་འོག་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་ཡར་བརྩོན་བྱས་ནས་ཐོབ་པའི་གྲུབ་འབྲས་ཚོར་ཐུབ་པ་རེད།