བདེ་ཐང་རྒྱུན་ཤེས། ༼མཆིན་པར་གནོད་རྐྱོན་ཕོག་ན་གསོ་དཀའ།༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-28   རྩོམ་ཁུངས།    བོད་ལྗོངས་ཚན་རྩལ་ཚགས་པར།

    མི་འགའ་ཤས་ཀྱིས། ཀྲུང་ལུགས་སྨན་རྫས་འགའ་ཤས་དང་འཚོ་བཅུད་སྨན་འགའ་ཤས་ཀྱི་དུག་ཤེད་ཆུང་ངུ་ཡིན་པས་མཆིན་པར་གནོད་པའི་དབང་དུ་བཏང་ནའང་སྨན་གཏོང་མཚམས་བཞག་ནས་མཆིན་པར་སྲུང་སྐྱོབ་བྱེད་པའི་སྨན་བཏང་ན་ཆོག་སྙམ་གྱི་ཡོད། གལ་ཏེ་གོང་གི་ལྟ་བ་འདི་ལྟར་ལྡན་ན་ཉེན་ཁ་ཤིན་ཏུ་ཆེ། མཆིན་པར་ཕོག་པའི་གནོད་འཚེ་དང་ཕོ་བ་དང་རྒྱུ་མར་ཕོག་པའི་གནོད་འཚེ་འདྲ་ཡི་མེད། མཆིན་པར་ཐོག་མར་གནོད་འཚེ་ཕོག་སྐབས་ལུས་ལ་སྤྱིར་ན་ཚོར་སྣང་གང་ཡང་མེད་རུང་སེམས་ཤུགས་མེད་པ་དང་ཤུགས་མེད་པ། དང་ག་ཞན་པ་སོགས་ཀྱི་ནད་རྟགས་ཡོད། དེའི་ཚེ་མང་ཆེ་བས་ལས་ཀའི་ངལ་དུབ་ལ་ངོས་འཛིན་པ་ལས་སྣང་ཆེན་མི་བྱེད།  དེ་ནས་རིམ་པས་གཅིན་པའི་མདོག་ཇེ་ནག་ཏུ་སོང་བ་དང་པགས་མདོག་སེར་པོ་ཆགས་སྐབས་མཆིན་པར་གནོད་འཚེ་ཆེན་པོ་ཕོག་པའི་རྟགས་ཡིན། 

 

1.ཚ་བ་རྒྱག་པ་དང་། པགས་ནད་ཕོག་པ། བཙོག་པ་ནག་པོ་གཏོང་བ། དྲན་པ་མི་གསལ་བ་སོགས་བྱེད་སྐབས་སྨན་རྫས་རང་བཞིན་གྱི་མཆིན་པའི་གནོད་འཚེ་ཕོག་རྒྱུའི་ཡིད་གཟབ་བྱེད་དགོས། སྨན་ཟོས་རྗེས་མཆིན་པར་གནོད་འཚེ་ཕོག་པའི་ནད་རྟགས་དང་ཚད་གཞི་འདྲ་ཡི་མེད། འགའ་ཤས་ནད་གཞི་ཅུང་ཆུང་བ་དང་འགའ་ཤས་ལ་མི་བདེ་བའི་ཚོར་སྣང་མེད་པ། འགའ་ཤས་མཆིན་པའི་ནུས་པ་ཡོངས་སུ་ཉམས་ནས་ཤི་ཡི་ཡོད། 

2.སྨན་གང་རུང་ཟོས་རྗེས་ནད་རྟགས་ཅི་ཞིག་ཐོན་ན་ང་ཚོས་དོ་སྣང་བྱེད་དགོས་སམ། 

    ཐོག་མར། ཁྱེད་ཀྱིས་སྨན་རྫས་གསར་པ་ཞིག་དང་འཚོ་བཅུད་ཐོན་རྫས་གསར་པ་ཞིག་ཟོས་རྗེས་ནད་རྟགས་གསར་པ་གང་ཞིག་ཐོན་མིན་དང་ལྷག་པར་དུ་སྨན་ཟླ་བ་1བཏང་རྗེས་ལྷག་པར་ཡིད་གཟབ་བྱེད་དགོས། དེ་ཡང་གཟུགས་པོའི་ཟུངས་ཟད་པ་དང་དང་ག་ཆག་པ། སྐྱུག་མེར་ལངས་པ། ཞག་ཚིར་ཞེ་ལོག་པ། གཅིན་པ་སེར་པོ་ཆགས་པ། པགས་པ་དང་མིག་སྤྲིན་སེར་པོ་ཆགས་པ། གྲོད་པ་ན་བ། མཆིན་པའི་རྒྱུད་དུ་མི་བདེ་བ་སོགས་ཀྱི་ནད་རྟགས་ཐོན་ན་དུས་ཐོག་ལ་སྨན་བཅོས་བྱེད་པར་སྐྱོད་དགོས། གལ་ཏེ་ཚ་བ་རྒྱག་པ་དང་པགས་ནད་ཕོག་པ། བཙོག་པ་ནག་པོ་བཏང་བ། དྲན་པ་མི་གསལ་བ། འཆོལ་གཏམ་སྨྲ་བ། པགས་པར་ཁྲག་ཐིག་དོན་པ། དྲན་པ་འཐོར་བ་སོགས་ཀྱི་ནད་རྟགས་ཐོན་ན་འཕྲལ་མར་དོས་དྲག་སྨན་ཁང་དུ་སྐྱོད་དགོས།