“བདུན་གཅིག་གཟེངས་རྟགས”ལ་རྟགས་གང་དག་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-28   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ།

ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། “བདུན་གཅིག་གཟེངས་རྟགས”སྤྲོད་པའི་མཛད་སྒོ་ཟླ6པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུ་རྒྱུ་ཡིན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའ་ཀྲུའུ་ཞི་ཞི་ཅིང་ཕིན་གིས་ཐོག་དང་པོར“བདུན་གཅིག་གཟེངས་རྟགས”སྤྲོད་རྒྱུ་ཡིན་པ་དང་གསུང་བཤད་གལ་ཆེན་གནང་རྒྱུ་རེད། 

“བདུན་གཅིག་གཟེངས་རྟགས”ནི་ཏང་ནང་ཁུལ་གྱི་ཆེས་མཐོའི་གཟི་བརྗིད་ཡིན་པ་དང་། དེར་བབ་ཆགས་དང་བརྗིད་ཉམས་ཀྱི་ཇུས་འགོད་བསམ་བློ་གཙོ་བོ་བཀོལ་ཡོད་པ་དང་། ཚོན་མདངས་གཙོ་བོ་དམར་པོ་དང་སེར་པོ། དཀར་པོ་བྱས་ཡོད་པ་དང་། འཁྱགས་མནོན་གཟུགས་གྲུབ་ཐབས་དང་། དར་སྐུད་ཀྱིས་རྒྱན་ཞིང་ཚོན་མདངས་བཀྲ་བའི་དར་གོས་འཐག་སྟངས་སོགས་བཟོ་རྩལ་སྣ་མང་སྤྱད་ཡོད། 

གཟེངས་རྟགས་ཀྱི་གཙོ་བོའི་ཆར་ཏང་རྟགས་དང་ཟུར་ལྔའི་སྐར་མ། དར་ཆ། གཟི་བརྗིད་རྡོ་རིང་དང་འོད་ཟེར། མེ་ཏོག་ཉི་དགའ་དང་རི་ཆུ་གཙང་གསུམ། བཀྲ་ཤིས་པའི་སྤྲིན་ཕུང་སོགས་འདུས་ཡོད། ཏང་རྟགས་ཀྱིས་ཏང་གི་འགོ་ཁྲིད་དང་དཀྱིལ་སྙིང་གོ་གནས་མཚོན་པ་དང་། ཟུར་ལྔའི་སྐར་མས་གུང་ཁྲན་རིང་ལུགས་ཀྱི་རླབས་ཆེའི་ཕུགས་འདུན་དང་དེར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་མཚོན། གཟི་བརྗིད་རྡོ་རིང་གིས་རླབས་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་བླ་ན་མེད་པའི་བྱས་རྗེས་མཚོན། མེ་ཏོག་ཉི་དགའ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་ཡོད་པ་མཚོན། རི་ཆུ་གཙང་གསུམ་གྱིས་ཏང་ཡོན་གྱི་ཕུགས་བསམ་དང་རེ་སྙེག་མཚོན། བཀྲ་ཤིས་པའི་སྤྲིན་ཕུང་གིས་མེས་རྒྱལ་གྱི་སྲིད་འབྱོར་རིག་གསུམ་དར་ཞིང་འཆམ་མཐུན་འཕེལ་རྒྱས་ཡོང་བ་མཚོན། དར་ཆས་ཏང་གི་མགོ་ཁྲིད་འོག གསར་བརྗེའི་ཕུགས་བསམ་མངོན་འགྱུར་བྱེད་པའི་ཆེད་དུ་ནམ་ཡང་འབད་བརྩོན་བྱེད་པ་མཚོན། རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་གཟི་བརྗིད་མཚན་བྱང་གཟེངས་རྟགས་ཀྱི་ལྕགས་རིགས་ཀྱི་ཕྲེང་ཐག་དང་ཁྱད་པར་འབྱེད་ཆེད། “བདུན་གཅིག་གཟེངས་རྟགས”ཀྱི་ཕྲེང་ཐག་ལ་འཁེལ་འཐག་དངོས་པོ་བཀོལ་ཡོད་པ་དང་། མེ་ཏོག་ཉི་དགའ་དང་འོད་ཟེར། སྐར་འོད་སོགས་ཀྱི་གཞི་རྒྱུ་བཀོལ་ཡོད། དེས་ཏང་ཉི་མ་འདྲ་བོའི་དྲོད་ཁོལ་འོག་ཏུ། གཟེངས་རྟགས་ཐོབ་མཁན་ཚོས་སེམས་པ་དཀར་པོ་ཏང་ལ་ཕྱོགས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་ལ་བརྟན་པོར་བཅིངས་ནས། དཀའ་བ་ཁྱད་བསད་ཀྱིས་མདུན་དུ་བསྐྱོད་དགོས་པ་མཚོན།