རང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གླུ་གཞས་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  བདེ་ཆེན་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་དུ་བདེ་ཆེན་ཁུལ་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར། བདེ་སྐྱིད་ཀྱི་ལམ་བུར་གླུ་དབྱངས་ལེན་ཞེས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གླུ་གཞས་འགྲན་བསྡུར་སྤེལ་བ་དང་།  ཐེངས་འདིའི་འགྲན་བསྡུར་དུ་སློབ་ཆུང་ཚོགས་ཆུང་དང་སློབ་འབྲིང་ཚོགས་ཆུང་གི་ཁག་བགོར་ཡོད་ལ་ཁྱོན་རུ་ཁག་14འགྲན་བསྡུར་ནང་ཞུགས་ཡོད་པ་རེད།  མཐར་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་འབྲིང་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས་སློབ་ཆུང་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།