གཏམ་དཔེ་ཁག་གཅིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-25   རྩོམ་ཁུངས།    བོད་རྒྱ་གཏམ་དཔེ་རྣམ་དབྱེའི་མདོར་འགྲེལ་རྣ་བའི་བདུད་རྩི།

1、ཤིང་སྣ་ཆུ་སྣ་འཛོམས་སར་བྱ་རིགས་མང་།  དྲང་སེམས་ཅན་གྱི་མི་ལ་གྲོགས་པོ་མང་།

林茂水清鸟类多,为人正直朋友多。

2、གསེར་དངུལ་གསོག་པ་ལས། ཡོན་ཏན་གསོག་པ་དགའ།

积财不如积学。

3、མ་ཤེས་ཁ་རོག་བསྡད་ན། ལོ་བརྒྱ་སོང་ཡང་བཟང་བསྐྱེད་མེད།

不懂也不问,百年无长进。

4、རྩ་བ་སྨན་ཡིན་ན། ཡལ་ག་དུག་ཡོང་མི་སྲིད།

根部既能入药,枝条岂能是毒品。

5、ཐོས་པ་བརྒྱ་ལས། མཐོང་བ་གཅིག་ལྷག

百闻不如一见。

6、སོ་མེད་ཟས་དང་བྲལ། ནོར་མེད་གཉེན་དང་བྲལ།

没牙咬不了,没钱亲朋少。

7、མི་སེམས་གཅིག་ཏུ་བསྒྲིལ་ན། རི་རྒྱལ་ལྷུན་པོ་སྤོ་ཐུབ།

只要人心齐,须弥大山移。

8、གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ཀྱིས་འཕེལ། གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འཕེལ།

交良友,学识自然增进;交恶朋,行为随之变坏。