རྣ་བར་སྲུང་སྐྱོང་བྱེད་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-24   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

    རྣ་ལྕོག་སྔོག་སྐབས་གཟབ་ནན་མ་བྱས་པའི་རྐྱེན་གྱིས་རྣ་བའི་རྔ་སྐྱི་ལ་ཨི་ཁུང་བརྡོལ་ནས་རྣ་ལྕོག་ལ་གཉན་ཚད་འཁྲི་བ་དང་ལྷག་པར་དུ་རྣོ་ལྡན་དངོས་པོས་རྣ་ལྕོག་བསྔོགས་ན་དེ་བས་ཉེན་ཁ་ཡོད།རྣ་བའི་རྔ་སྐྱི་ལ་སྐྱོན་མ་ཤོར་བའི་ཆེད་དུ་འུར་སྒྲ་ཆེན་པོའི་ཁྲོད་དུ་ལག་གཉིས་ཀྱིས་རྣ་ལྕོག་བཀག་པ་དང་ཕྱོགས་མཚུངས་ཁ་གདང་ཏེ་སྡོད་དགོས།རྣ་ལྕོག་ནང་འབུ་འཛུལ་ན་ལྕགས་རིགས་ཀྱིས་བསྔོག་རྒྱུ་མེད།སྐབས་དེར་སྣུམ་ཐིགས་པ་རེ་གཉིས་བརྒྱབ་ན་འབུ་སྣུམ་དང་མཉམ་དུ་ཕྱིར་དོན་ཡོང་གི་ཡོད།ཆུ་བརྒལ་སྐབས་རྣ་ལྕོག་ནང་ཆུ་འཛུལ་ན་མགོ་སག་ཏུ་བསློགས་ནས་མཆོང་རྒྱག་ཐེངས་འགའ་ཤས་བརྒྱབ་ན་ཆུ་ཕྱི་ལ་དོན་ཡོང་གི་ཡོད།རྣ་ལྕོག་གཉན་ཚད་རྒྱས་པའི་མིས་རབ་བྱུང་ན་ཆུ་བརྒལ་རྒྱུ་མེད།

    ཕྲུ་གུར་སྔ་དགོང་སོ་བཀྲུ་བའི་གོམས་གཤིས་འཇགས་པ་བྱ་དགོས།

    ཕྲུ་གུའི་དུས་སུ་གོམས་གཤིས་གང་ཡིན་ཡང་འཇགས་སླ་ཞིང་།ལྷག་ཏུ་ལད་ཟློས་བྱེད་པའི་རང་བཞིན་ཡང་ལྡན་པས་གོམས་གཤིས་བཟང་པོས་སྦྱོང་བརྡར་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བཞིག་ཡིན།ལོ་གསུམ་གོང་གི་ཕྲུ་གུར་ཟས་ཟས་རྗེས་ཁ་བཀྲུ་བའི་གོམས་གཤིས་ཡོད་དགོས་པ་དང་།ལོ་གསུམ་ནས་བཟུང་ཕྲུ་གུར་རང་ཉིད་ཀྱིས་མི་རྒན་པའི་ལད་ཟློས་བྱས་ཏེ་སྔ་དགོང་དུས་ཐོག་ཏུ་སོ་འཁྲུད་དུ་འཇུག་དགོས།དེ་ལྟའི་ལོ་ན་སོན་པའི་ཕྲུ་གུར་ནུ་སོ་ཉི་ཤུ་ཐམ་པ་ཚང་མ་སྐྱེས་ཟིན་པས་ཁྱིམ་བདག་གིས་ཞོགས་པ་ལངས་རྗེས་དང་དགོང་མོ་མ་ཉལ་གོང་ཕྲུ་གུ་དང་མཉམ་དུ་སོ་བཀྲུ་བའི་གོམས་གཤིས་རྒྱུན་འཁྱོངས་བྱ་དགོས།དེ་ལྟར་བྱས་ན་ཕྲུ་གུར་ཆུང་དུས་ནས་འཚོ་བའི་ཆོས་ཉིད་ཀྱི་གོམས་གཤིས་འཇགས་ཐུབ་ནས་སོ་བཀྲུ་བའི་གོམས་གཤིས་དེ་ཉིད་འཚོ་བའི་ནང་མེད་དུ་མི་རུང་བའི་བྱ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ།