སེམས་ཀྱི་ཉི་ཟླའི་གྲོང་འདབས་སུ་ནགས་བེའུ་མཐོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-23   རྩོམ་ཁུངས།    བདེ་ཆེན་ཁུལ་རླུང་འཕྲིན་བཪྙན་འཕྲིན་ཁུང་།

    ཉེ་སྔོན། སེམས་ཀྱི་ཉི་ཟླའི་གྲོང་མི་འཆམ་འཆམ་དུ་འགྲོ་བའི་ལམ་བར་དུ་སྲམ་སྣ་ཆུ་མཛོད་ཉེ་འགྲམ་གྱི་ནགས་ཚལ་ཁུལ་དུ་ནགས་བེའུ་ཞིག་འཕྲད་ཡོད།

    དེ་གོང་གྲོང་མི་ཚོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉེ་འདབས་ཀྱི་རི་མཐོའི་རྩི་ཤིང་ལྡུམ་ར་དང་ནགས་ལྕོག་རི་བོ་སོགས་སུ་ནགས་བེའུ་དང་དོམ་ཕྲུག་སོགས་རི་སྐྱེས་སྲོག་ཆགས་ཀྱི་བྱ་སྤྱོད་གཟུགས་བརྙན་པར་ལེན་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། མ་གཞི་རི་ཁུག་ཏུ་སྦས་ཀྱང་ཤེས་མཁན་མེད་པའི་སྲོག་ཆགས་ཀྱང་རིམ་བཞིན་སེམས་ཀྱི་ཉི་ཟླ་ཉེ་འགྲམ་དུ་སྐྱོད་པ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན།

    ནགས་བེའུ་ནི་ས་བོན་རྩི་ཤིང་དང་གྲོ་མའི་རིགས་དང་གདུགས་སྲིན་ཟས་སུ་བྱེད་པ་རེད། རི་མཐོན་པོའམ་རི་འབུར་ས་ཁུལ་དུ་འཚོ་སྡོད་བྱེད་པའི་རྒྱུན་ལྗང་གི་ལོ་མ་ཆེ་བའི་ནགས་ཚལ་དང་། ཁབ་ཆེན་མཉམ་བསྲེས་ནགས་ཚལ།ལྗོན་ཤིང་། གཅོད་ཤུལ་དང་གྲོག་རོང་གི་ལྗོན་ཤིང་། རྒྱུན་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1000ནས་4000བར་གྱི་རི་སྟེང་དུ་བྱ་སྤྱོད་སྤེལ་གྱི་ཡོད།