ཁྱེད་ཀྱི་མི་ཚེ་དང་ང་ཡི་དྲན་སྣང་།▶བྱིས་པའི་གྱེར་འདོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-22   རྩོམ་ཁུངས།    加茂英才让个人朗诵平台


ཁྱེད་ཀྱི་མི་ཚེ་དང་ང་ཡི་དྲན་སྣང་།

རྩོམ་པ་པོ། ཚེ་རིང་དོན་གྲུབ།

གྱེར་འདོན་པ། སྐལ་བཟང་ལྷ་མོ།

ང་ཚོས་ཡ་ཐོད་ཀྱི་མིག་ཟུང་རྒྱང་ལ་སྦྲན་དུས

ང་ཚོས་ཡ་ཁོག་གི་དྲན་འཛིན་ནང་དུ་བཀུག་དུས

ད་གཟོད

འོད་ལམ་ལམ་གྱི་ཕོ་བྲང་ཞིག་གི་བརྗིད་ཉམས་དང

ཕོ་བྲང་དེའི་མངའ་འོག་ན་འཚང་བའི་མི་བུ་དག་མཐོང་བྱུང

སྐབས་དེར

སྨུག་པས་བཏུམས་པའི་རི་གྲོང་ཞིག་གི་ལོ་རྒྱུས་དང

ལོ་རྒྱུས་དེའི་ཁོང་གསེང་ནས་མཆེད་པའི་རྔུལ་ཁྲག་ཅིག་དྲན་འོང

འདི་ནི་མི་ལོ་བརྒྱ་ལ་ལོན་པའི་རྒན་པོ་ཞིག་གི་མི་ཚེའི་གཏམ་རྒྱུད་ཅིག་ཡིན

འདི་ནི་ང་ཚོའི་ཕྱི་རབས་པ་ཚོས་ཤེས་དགོས་པའི་མི་ཚེའི་གླེགས་བམ་ཞིག་ཡིན

 ཞུམ་པ་མེད་པའི་དངུལ་གྱི་བློ་སྤོབས

བསྲེགས་བཅད་བརྡར་བའི་གསེར་གྱི་རིག་པ

ཁ་བ་བཞིན་བབས་ཤིང་མེ་ཏོག་བཞིན་བཞད་པའི་ང་ཡི་ཡབ་མེས

ཉི་འོད་བཞིན་འཕྲོས་ཤིང་ཆུ་བོ་བཞིན་བཞུར་བའི་ང་ཡི་མེས་པོ

ཁྱེད་ཉིད་བདག་གི་དྲན་ངོགས་སུ་འབབ་ཐེངས་རེ་རེར

དགའ་སྐྱོ་འདྲེས་མའི་ཚོར་བ་རྣོན་པོ་ཞིག

ང་དང་ང་འདྲ་བའི་བྱིས་པ་ཚོའི་སྤྱི་གཙུག་ནས་རྐང་མཐིལ་དུ་འཐིམས་སོང་ཨང

རྡུལ་རླུང་གིས་གནམ་ས་འཁྲུགས་པའི་འདྲེས་མཚམས་ན

ཟུངས་ཁྲག་གིས་རྒྱ་མཚོ་བརླན་པའི་བང་རིམ་ན

ཚི་དྲེག་གིས་ཟིན་པའི་ཕྱག་ཟུང་མང་པོ་མང་པོ་ཞིག

དར་ཆ་བཞིན་བར་སྣང་ན་ལྷབ་ལྷུབ་ཀྱིས་གཡོ

སྐབས་དེར

ཨ་ཕ་ཟེར་ནས་སྐྱོབ་མཁན་ཞིག་གང་ན་ཡོད

སྐབས་དེར

ཨ་མ་ཟེར་ནས་གཉོར་མཁན་ཞིག་གང་ན་མཆིས

འདི་ནི་ཁྱེད་ཀྱི་མི་ཚེ་དང་ང་ཡི་མིག་ཆུ་ཡིན

དུས་དེ་རིང

ང་ལ་གཤོག་པ་ཐོགས་ནས་བར་སྣང་དུ་འཕུར་དུས

དུས་དེ་རིང

ང་ལ་རྣམ་ཤེས་ཐོགས་ནས་མི་ཡུལ་དུ་འབབ་དུས

ནམ་ཡང་ཁྱེད་ཀྱི་འོད་སྟོང་འབར་བའི་མི་ཚེའི་འགྲུལ་བཞུད་ལ

མིག་ཟུང་གིས་འཚོས་ཤིང་དྲན་འཛིན་གྱིས་བཏེགས་ཡོད

བྱིས་པ་ཚོས་མེ་ཏོག་སྤར་བ་གང་བཟུང་ནས

གཞོན་པ་ཚོས་གླུ་གར་འཁྱོར་བ་གང་འཁྱེར་ནས

ཁྱེད་རང་དགུང་ལོ་བརྒྱ་ལ་བུད་པར་རྟེན་འབྲེལ་གྱི་ལེགས་སྐྱེས་དེ་འབུལ་དུས

ཡོད་ཚད་འཛུམ་མདངས་ཤིག་ཤིག

ཡིན་ཡང

ང་ནི་བླ་སྲོག་བོར་བའི་བེམ་པོ་ཞིག་དང་འདྲ་བར

ཁྱེད་ཀྱིས་བཞེངས་པའི་འཇིག་རྟེན་གྱི་གྲུ་ག་ཞིག་ནས

ཁ་རོག་གེར་ཁྱེད་རང་དྲན་པའི་ལོ་ཟླ་དེ་ཤོག་ངོས་ཕབ་ནས་ག་ལེར་ག་ལེར་ཀློག་གིན་ཡོད་ཨང