དུས་ཐོག་འཐུང་ཆུ་གྲོང་ཚོར་སྐྱེལ་ནས་མང་ཚོགས་ཀྱི་དཀའ་ངལ་སེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ད་ལོའི་དཔྱིད་ཀར་རང་ཁུལ་གྱི་ཁོངས་ཡོངས་སུ་གནམ་སྐམ་ལ་ཆར་པ་ཉུང་བས་འཇོལ་རྫོང་ཐང་སྟེང་ཤང་གི་ཐན་སྐྱོན་ཉིན་བཞིན་ཚབས་ཆེ་རུ་སོང་ལ། ཞིང་ཆུ་མཁོ་འདོན་བྱེད་མི་ཐུབ་པ་མ་ཟད་ཐ་ན་གྲོང་ཚོ་ཁ་ཤས་ཀྱི་དུས་རྒྱུན་འཚོ་བའི་འཐུང་ཆུ་ཡང་རིམ་བཞིན་སྐམ་པ་རེད།  ཧོ་ཤིན་ཧྭ་ཡོད་སའི་ཧྲི་ཀྲུའུ་ལ་གྲོང་མི་ཚོགས་ཆུང་ནི་དེ་བས་ཐག་རིང་ལུང་ཁུག་གི་མཐོ་སར་གནས་པས། ཆུ་ཁུངས་དཀོན་པ་དང་སྔར་ཡོད་ཀྱི་ཆུ་ཁུངས་ཧ་ལམ་སྐམ་ནས་གྲོང་ཚོ་དེ་ཡོངས་ཀྱི་གཡེར་མ་དང་སྟར་ཀ དྭ་བའི་ཐོན་ལས་སོགས་ལ་གནོད་སྐྱོན་ཚབ་ཆེན་ཐེབས་པ་རེད། ཧོ་ཤིན་ཧྭ་ཡིས་རང་ཁྱིམ་གྱི་འཐུང་ཆུ་དྭ་བའི་རྟེན་གཞིར་དྲངས་ནས་གནས་སྐབས་ཀྱི་མྱུར་སྐྱོབ་བྱས་པ་མ་ཟད། གྲོང་ཚོའི་ཚོ་ཆུང་གི་འགོ་ཁྲིད་བཙལ་ནས་ཐག་གཅོད་བྱེད་ཐབས་བྱས་པ་རེད།

    ཤང་ཡོངས་ཀྱི་ཐན་སྐྱོན་གནས་ཚུལ་ཤེས་རྟོག་བྱུང་རྗེས་ཐང་སྟེང་ཤང་ཏང་ཨུས་ཐན་འགོག་དང་ཆུ་མཁོ་འདོན་འགན་ལེན་གྱི་ལས་དོན་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོའི་དོན་ཆེན་ཨང་དང་པོར་བརྩིས་ནས། དུས་ཚོད་དང་པོར་ཤང་ཡོངས་ཀྱི་གནོད་འཚེ་ཕོག་ཚུལ་དང་། དེ་མིན་རྒྱ་ཁྱོན་བསྡོམས་རྩིས་བརྒྱབ་ནས་ཁ་གཏད་ཐག་གཅོག་ཇུས་གཞི་ཧུར་ཐག་བཟོས་ཤིང་། ཚན་རིག་དང་མཐུན་པའི་ཇུས་འགོད་དང་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ། འཚོ་བ་སྔོན་དང་ཐོན་སྐྱེད་རྗེས་ཀྱི་ཐན་འགོག་འཕྲལ་སྡོམ་གྱི་ཆུ་མཁོ་འདོན་བྱེད་པའི་ཇུས་གཞི་དུས་ཐོག་ཏུ་བཟོས་ནས། ལས་དོན་འཐུས་ཚང་དང་ཐན་འགོག་འཕྲལ་སྡོམ་ལས་ཀ་བཀོད་སྒྲིག་བྱས་པ། ཆུ་མཛོད་ནང་ཆུ་གསོག་པའི་གནས་ཚུལ་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ཏེ་ཤང་དེ་ཡོངས་ཀྱི་ཐན་སྐྱོན་སྔོན་དཔག་དང་དབྱེ་ཞིབ་བྱས་ལ། ཤང་ཡོངས་ཀྱི་ཆུ་རྩིས་ནན་ཏན་བརྒྱབ་ནས་ཆུ་མཁོ་འདོན་ལས་དོན་སྔོན་ལ་འགན་ལེན་བྱས་པ་རེད། ཐན་འགོག་མ་དངུལ་སྒོར་ཁྲི་130ཙམ་བཏང་ནས་གནོད་འཚེ་ཕོག་པའི་གྲོང་ཚོར་འགྱིག་མདོང་དང་འབྲུ་རིགས་སོགས་གེགས་སེལ་དངོས་ཟོག་སྣ་ཚོགས་སྤྲད་པ་དང་། མང་ཚོགས་ཐན་འགོག་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་ཐོན་སྐྱོན་རང་སྐྱོབ་བྱས་པ་རེད།

    ཧྲི་ཀྲུའུ་ལ་གྲོང་མིའི་ཚོགས་ཆུང་ལ་ཤང་ནང་ནས་སྟེརབའི་སྨི་2000ལྷག་ཙམ་གྱི་ཆུ་སྦུག་འབྱོར་བ་དང་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ཏེ་ཆུ་ཁུངས་གཞན་ཞིག་འཚོལ་བའི་འགོ་བརྩམས་པ་རེད། ཏང་ཡོན་ཚོས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐྱེལ་འདྲེན་དང་ས་དུང་བརྐོ་བ། ཆུ་སྦུག་ས་འོག་ཏུ་འཇུག་པ་སོགས་བྱས་ཤིང་།རྡོག་རྩ་གཅིག་སྒྲིལ་གྱིས་ཐན་སྐྱོན་སྔོན་འགོག་བྱས་པ་རེད། ཆུ་ཁུངས་ཤར་གཏོང་ཐུབ་རྗེས་གྲོང་མི་ཚོས་ཏང་དང་སྲིད་གཞུང་གིས་དུས་ཐོག་འཐུང་ཆུ་སྐྱེལ་བར་ཐུགས་རྗེ་ཞུས།

    ཐང་སྟེང་ཤང་གིས་ད་དུང་《གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་འཕྲལ་སྡོམ་སྔོན་ཇུས་》དུས་ཐོག་ཏུ་ལག་བསྟར་བྱས་པ་དང་། གྲོང་ཚོ་ཁག་གིས་ཡུལ་བབ་དང་བསྟུན་ནས་གྲོང་ཚོ་གཅིག་ལ་ཐབས་ཇུས་གཅིག་གི་འཕྲལ་སྡོམ་ཇུས་གཞི་བཟོས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་འཕྲལ་སྡོམ་བྱ་ཐབས་དོན་འཁྱོལ་བྱས་ཏེ། དུད་ཚང་དུ་བསྐྱོད་ནས་ཚགས་བཤེར་དང་ཞིབ་བསྡུར་བྱས་པ་བརྒྱུད་འཕྲལ་སྡོམ་ཆུ་མཁོ་འདོན་ལས་དོན་སྒྲིག་འཛུགས་དང་། ཐན་ཁུལ་གྱི་འཚོ་བའི་འཐུང་ཆུ་བཀོད་སྒྲིག་ལུགས་མཐུན་བྱས་ཤིང་། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་དང་ངལ་རྩོལ་ནུས་ཤུགས་མེད་པའི་དུད་ཚང་དང་ཁྱབ་ཁོངས་ཆེ་བ། བར་ཐག་རིང་བའི་འཐུང་ཆུའི་དཀའ་ངལ་ཡོད་པའི་དུད་ཚང་ལ་དམིགས་ནས་ཤང་ཏང་ཨུ་དང་སྲིད་གཞུང་གིས་དང་བླངས་པ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། རོགས་སྐྱོར་ཆུ་སྐྱེལ་གྱི་བྱ་ཐབས་དོན་འཁྱོལ་བྱས་ནས་ཆུ་དཀོན་པའི་ཁུལ་གྱི་མང་ཚོགས་ཀྱིས་བདེ་འཇགས་ཀྱི་དུས་ཐོག་འཐུང་ཆུ་འཐུང་ཐུབ་པ་བྱས།