ཁྱེད་ཀྱིས་པཱ་ལགས་ཀྱི་དུས་ཆེན་གཏོང་སྲོལ་ག་ནས་དར་མིན་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-21   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    ཨ་ཕའི་དུས་ཆེན་ཐོག་མ་དེ་1910ལོར་ཨ་རིར་གཏོང་སྲོལ་བྱུང་ཞིང་། 1909ལོར་ཝ་ཧྲིང་ཐོན་དུ་ཡོད་པའི་ལྕམ་པུའུ་ལུ་སྲི་ཏོ་ཏེ་ཟེར་བ་ཞིག་གིས་སྐྱེད་མའི་དུས་ཆེན་གཏོང་སྐབས།  སྐྱེད་མར་དུས་ཆེན་ཡོད་ན། ཨ་ཕར་ཡང་དུས་ཆེན་ཡོད་དགོས་པའི་འཆར་སྒོ་ཞིག་ངང་གིས་སྐྱེས། ལྕམ་ཏོ་ཏེར་དང་ཁོ་མོའི་གཅུང་པོ་ལྔའི་ཨ་མ་ལོ་ན་ཆུང་དུས་ནས་གྲོངས་ཏེ། ཕ་གཅིག་པུས་བུ་ཕྲུག་ཚོ་དྲིན་གྱིས་བསྐྱངས། ལོ་མང་པོ་སོང་རྗེས། གཅེན་གཅུང་ཚོས་ཨ་ཕའི་སྐྱེ་སྐར་གཏོང་རིམ་བཞིན་རྣམ་ཀུན་ཁོང་གིས་དཀའ་བ་དུ་མ་སྤྱད་ནས་ཁྱིམ་ཚང་སྐྱོང་ཚུལ་སེམས་ལ་ཝ་ལེར་འཆར། ཁོ་མོས་འབུམ་རམས་པ་ལར་སི་མར་སི་མཆོག་གི་རྒྱབ་སྐྱོར་འོག ཀྲོའུ་སྲིད་གཞུང་ལ་ཨ་ཕའི་དུས་ཆེན་གཏོང་སྲོལ་འཛུགས་པ་དང་དུས་ཆེན་གྱི་ཉིན་མོ་དེ་ཁོ་མོའི་ཡབ་ཀྱི་འཁྲུངས་སྐར་ཏེ་ཟླ་བ་དྲུག་པའི་ཚེས་ལྔ་ལ་གཏན་འཁེལ་བྱེད་དགོས་རྒྱུའི་ཡིད་སེམས་འགུལ་བའི་འབོད་སྐུལ་ཞུ་ཡིག་ཅིག་བསྐྱལ།

    ཀྲོའུ་སྲིད་གཞུང་གིས་བསམ་འཆར་དང་ལེན་བྱེད་སྐབས་རྟབ་རྟབ་པོར་ཟླ་6ཚེས་19ཉིན་དེ་ཨ་ཕའི་དུས་ཆེན་ལ་གཏན་འཁེལ་བྱས། ཉིན་དེ་ནི་1909ལོའི་ཟླ་བ་དྲུག་པའི་གཟའ་འཁོར་གསུམ་པའི་རེས་གཟའ་ཉི་མའི་ཉིན་མོ་རེད། སང་ལོར་ལྕམ་ཏོ་ཏེ་ཡོད་སའི་སི་པོ་ཁན་གྲོང་ཁྱེར་གྱིས་ཨ་ཕའི་དུས་ཆེན་དངོས་སུ་བཏང་བ་དང་། གྲོང་སྤྱི་ཡིས་ཨ་ཕའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཡིག་སྒྲོག་སྦྱངས་གནང་ནས་ཀྲོའུ་ཡོངས་ཀྱི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས། ཕྱིས་སུ་ཀྲོའུ་གཞན་དག་གིས་ཀྱང་ཉིན་དེ་ཨ་ཕའི་དུས་ཆེན་ལ་བརྩིས་ནས་གཏོང་སྲོལ་ཡོད། 1972ལོར་ཨ་རིའི་ཙུང་ཐུང་ཉི་ཁེ་སུང་གིས་ཨ་ཕའི་དུས་ཆེན་གྱི་ཉིན་མོ་གཏན་འཁེལ་བྱེད་པའི་གྲོས་ཚོགས་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད་ནས་ཁྲིམས་གཏན་འཁེལ་བའི་དུས་ཆེན་ལ་དངོས་སུ་གཏན་འཁེལ་བྱས་པ་དང་སྦྲགས། ད་བར་རྒྱུན་བསྐྱངས་ནས་གཏོང་སྲོལ་ཡོད།