ལྔ་པའི་ཚེས་ལྔའི་དུས་ཆེན་ལ་སྦྲང་དམར་མོག་མོག་བཟོ་སྲོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ངའི་ཕ་ཡུལ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བེ་ནུ་ཡུལ་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་གཏོང་སྐབས་སྦྲང་དམར་གི་མོག་མོག་བཟོ་སྲོལ་ཡོད་ལ།མིང་བཏགས་སྟངས་ལས་ཤེས་ཐུབ་པ་ནི་མོག་མོག་དེར་སྦྲང་དམར་བཅུག་ནས་བཟོ་བ་རེད།      མོག་མོག་དེའི་བཟོ་སྟངས་ལས་བཤད་ན་ཤ་མོག་མོག་གི་བཟོ་སྟངས་དང་དབྱེ་བ་མེད། ཁྱད་ཆོས་ལྡན་པ་ནི་སྦྲང་དམར་མོག་མོག་ཚོས་རྗེས་མདོག་དམར་སྐྱའི་ཚོས་རྒྱུ་ཞིག་མོག་མོག་ཐོག་རྒྱན་དགོས་པ་དེ་རེད།

        རྒན་རབས་རྣམས་ལ་འདྲིས་ན་ལྔ་པའི་ཚེས་ལྔའི་དུས་ཆེན་ནི་གེ་སར་རྒྱལ་པོའི་དུས་ཆེན་ཡིན་པའི་ཟེར་ཡོད་པ་དང་།          ཉིན་འདི་སངས་རྒྱས་སྨན་ལྷའི་དུས་ཆེན་ཡང་ཡིན་པས་ཉིན་འདིར་ཟས་ཅི་ཟ་ནའང་སྨན་ཡིན་པའི་ཟེར་སྲོལ་ཡོད། སྦྲང་དམར་མོག་མོག་བཟོ་སྲོལ་དེ་ནི་སྔ་ནས་ཡོད་པ་དང་། ལུགས་སྲོལ་དེ་ཆགས་པའི་རྒྱུ་མཚན་གཞན་པ་ཞིག་ནི་གནའ་དུས་ལ་བཟའ་རྒྱུ་མང་པོ་མེད་པ་དང་དུས་ཆེན་གཏོང་སྐབས་དུས་རྒྱུན་ལས་མི་འདྲ་བའི་བཟའ་རྒྱུ་ཞིམ་པོ་ཞིག་བཟོས་པའི་ཆེད་ཡིན་ཡང་ཟེར།  དེ་ཡང་བེ་ནུ་ཡུལ་དུ་རྒན་རབས་རྣམས་ལ་ཝུའུ་ཡུའེ་(རྒྱའི་五月ཡི་སྒྲ་འགྱུར་)མཇལ་སྲོལ་ཡོད་ལ།  སྔ་ཡིན་ན་སྦྲང་དམར་མོག་མོག་དེ་ཝུའུ་ཡུའེ་མཇལ་བའི་ལག་རྟགས་གཙོ་བོ་ཞིག་ཡིན་པ་དང་།  ད་ཡིན་ན་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཡག་པས་ལག་རྟགས་ནི་གཞན་པ་ཁྱེར་བ་དང་སྦྲང་དམར་མོག་མོག་དེ་རང་ཁྱིམ་དུ་བཟོ་བ་ཁོ་ན་རེད། 

        ཆུང་བྱིས་པའི་དུས་སུ་ལོ་གསར་གཏོང་ཚར་ནས་བཟུང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྦྲང་དམར་མོག་མོག་དེ་ནི་རེ་སྒུག་ཆེ་ཤོས་ཡིན། ད་ལྟར་སྦྲང་དམར་མོག་མོག་ཟ་མཁན་མང་པོ་མེད་མོད།  འོན་ཀྱང་ཁྱིམ་ཚང་ཡོད་ཚད་ཀྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་སྦྲང་དམར་མོག་མོག་བཟོ་བའི་སྲོལ་ཆགས་ཡོད།