བདེ་ཆེན་ཁུལ་གྱིས་ལྔ་བའི་ཚེས་ལྔའི་གུང་གསེང་རིང་ཡུལ་སྐོར་མི་གྲངས་ཁྲི20.27སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལྔ་བའི་ཚེས་ལྔའི་གུང་གསེང་རིང་། བདེ་ཆེན་ཁུལ་གྱིས་ཡུལ་སྐོར་མི་གྲངས་ཁྲི20.27སྣེ་ལེན་བྱས་ཤིང་། དུས་མཚུངས་དང་བསྡུར་ན་རྒྱ་ཆའི་15.91%འཕེལ། དངོས་ཡོད་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་12078.62སླེབས་ཤིང་། དུས་མཚུངས་དང་བསྡུར་ན་5.79%འཕེལ་བ་རེད།

པོ་ཏ་མཚོ།

ཤྭ་ཁ་རི་བོ།

བོད་ལྭ་བ་གྱོན་པའི་ཡུལ་སྐོར་བ།

        ད་ལོའི་ལྔ་བའི་ཚེས་ལྔའི་གུང་གསེང་རིང་། བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་དེ་དུས་ཐུང་གི་ཉེ་འཁོར་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར་སོགས་གཙོ་བྱས་ཤིང་། སྒེར་འཁོར་ཡུལ་སྐོར་བྱེད་སྟངས་ཀྱང་སྔར་བཞིན་གཙོ་བྱས་ཡོད། ཡུལ་སྐོར་བ་གཙོ་བོ་ཞིང་ཆེན་ནང་ཁུལ་དང་ས་གནས་མི་སྣ་གཙོ་བོ་ཡིན་ལ། ཡུལ་སྐོར་བ་མང་ཤོས་རང་བྱུང་གི་མཛེས་ལྗོངས་ཡག་པའི་པོ་ཏ་མཚོ་དང་འབའ་ལྷག་དཀར་རྫོང་། ཁ་བ་དཀར་པོ་སོགས་སུ་ཡོད་ལ། རིག་དངོས་ཡུལ་སྐོར་བྱེད་ས་དེ་དགའ་ལྡན་སུམ་རྩེན་གླིང་གཙོ་བྱས་ཡོད་པ་རེད།

ཟླ་6པའི་ཚེས་12ཉིན། ཁུལ་བོད་ཡིག་སློབ་འབྲིང་གི་ལས་བྱེད་མི་སྣ་འབྲི་ཆུའི་འགྲམ་རྒྱུད་ཀྱི་དམར་དམག་རྒྱང་སྐྱོད་མནའ་ཤུལ་དུ་སོང་ནས་སློབ་སྦྱོང་བྱས།



        ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དགའ་སྟོན་གྱི་ལོ་ཡིན་པས། བདེ་ཆེན་དམར་དམག་རྒྱང་སྐྱོད་རིག་དངོས་བཤམས་སྟོན་ཁང་དང་ཁུལ་རིག་དངོས་ཁང་། ཡང་ཐང་གྲོང་རྡལ་རྒྱང་སྐྱོད་ལམ་ལ་བསྐྱར་དུ་སྐྱོད་པའི་ལམ་ཐིག་སོགས་ནི་ཐེངས་འདིའི་གུང་གསེང་གི་མི་ཚོགས་འདུ་སའི་གནས་གལ་ཆེན་དུ་གྱུར་ཡོད།