བོད་ལྗོངས་མཐའ་མཚམས་གྲོང་རྡལ་གྱི་འཚོ་བར་མཛེས་སྡུག་ལྡན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-15   རྩོམ་ཁུངས།    མི་དམངས་དྲ་བ།

LOCAL202106111656000134141475922.jpg

        ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཡུལ་སྨད་ཀྱི་རྨང་གཞི་སྒྲིག་ཆས་ལ་ལེགས་བཅོས་ཆེན་པོ་བྱུང་ཞིང་། སྣུམ་ལམ་ཤར་གཏོང་བྱས་ཏེ། གྲོང་ཚོའི་ནང་དུ་བོད་ལུགས་ཐོག་ཁང་གཉིས་བརྩེགས་ཅན་གསར་བ་ཡིན་པ་དང་། སྨན་ཁང་དང་སློབ་གྲྭ་སོགས་ཀྱི་རྨང་གཞི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་གྱུར། རྒྱུས་ལོན་པ་ལྟར་ན། ཐོན་ལས་འཕེལ་རྒྱས་དང་སྲིད་ཇུས་ཡོང་སྒོའི་ཕན་འབྲས་འོག 2020ལོར་ཡུལ་སྨད་ཤང་གི་མི་རེའི་ལོ་རེར་ཆ་སྙོམས་སྤྱོད་ཆོག་པའི་ཡོང་སྒོ་སྒོར་ཁྲི3.4ལ་སླེབས་ཡོད་པ་རེད།  །