བདེ་ཆེན་གྲོང་མིས་གུང་གསེང་འདི་ལྟར་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། བདེ་ཆེན་མང་ཚོགས་ཀྱིས་ཆེས་རེ་སྒུག་བྱེད་སའི་ལྔ་བའི་ཚེས་ལྔའི་གུང་གསེང་དེ་བསུས་ཡོང་ལ། ཐེངས་འདིའི་གུང་གསེང་རིམས་ནད་ཀྱི་དབང་གིས་དུས་རྒྱུན་དང་ཅུང་མི་འདྲ་སྟེ།  འཁྲུག་ཆ་དོད་པའི་རྟ་རྒྱུག་འགྲན་བསྡུར་དང་སྤོ་ལོ་འགྲན་བསྡུར་སོགས་མི་ཚོགས་ཀྱི་འདུ་ཚོགས་ཆེ་བའི་ལས་སྒོ་མང་བོ་མེད་པར་བཟོས་ལ།  དུས་དེ་རིང་རིམས་ནད་སྔོན་འགོག་གི་དབང་གིས་ལས་སྒོ་འདི་དག་མེད་པར་བཟོས་ནས་དག་དག་ལོ་གཉིས་འགོར་སོང་བ་རེད།

ནགས་ལྕོག་རི་བོའི་མདའ་རྩེད་ར་བ།

དཀྱིལ་འཁོར་ཐང་ཆེན།

ཉི་མ་སེར་པོའི་ཐང་ཆེན།

བདེ་ཆེན་ལས་བྱེད་པའི་རིག་གནས་ཁང་།

        ལས་སྒོ་སྣ་ཚོགས་མེད་པས་ལྔ་བའི་ཚེས་ལྔའི་གུང་གསེང་འདི་ཅུང་ལྷིང་འཇགས་དང་འཁྲུག་ཆ་དེ་འདྲ་མེད་པ་ཞིག་ཏུ་སྣང་མོད། འོན་ཀྱང་བདེ་ཆེན་མང་ཚོགས་ལ་རང་རང་གི་སྤྲོ་བ་འཚོལ་སྟངས་ཡོད་དེ།  གུང་གསེང་གི་རིང་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ལྕོག་རི་བོའི་མདའ་རྩེད་ར་བ་དང་ཉི་མ་སེར་པོའི་ཐང་ཆེན། དཀྱིལ་འཁོར་ཐང་ཆེན། བདེ་ཆེན་ལས་བྱེད་པའི་རིག་གནས་ཁང་སོགས་སུ་གྲོང་མིས་རང་ཉིད་ཀྱི་དགའ་མོས་ལྟར་མདའ་འཕེན་པ་དང་སྐོར་བྲོ་འཁྲབ་པ། གཟེབ་གྲུག་དང་རྐང་གྲུག་འཕེན་པ། བྱ་སྒྲོའི་སྤོ་ལོ་རྒྱག་པ་སོགས་བྱེད་བཞིན་ཡོད་དེ། འདི་ནི་བདེ་ཆེན་གྲོང་མིའི་གུང་གསེང་གཏོང་སྟངས་ཤིག་ཡིན་ལ། ཕྱིར་མི་བགྲོད་པར་ཁུལ་ནང་དུ་བསྡད་པའི་རིམས་འགོག་བྱེད་སྟངས་ཤིག་ཀྱང་ཡིན་པ་རེད།