བདེ་ཆེན་ནས་རིག་གནས་ཀྱི་གསོལ་སྟོན་ཞིག་བཤམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-14   རྩོམ་ཁུངས།    བདེ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག


མི་དམངས་ཀྱི་ཤུལ་བཞག། མི་དམངས་ཀྱིས་མཉམ་སྤྱོད།

    ཟླ་6པའི་ཚེས་12ཉིན། ཕུལ་བྱུང་རིག་གནས་དར་སྤེལ་བཏང་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་ཕྱག་རྟགས་ཕུལ།ཟླ་6 པའི་ཚེས་12ཉིན། 2021ལོར་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར་ཐོན་ལ་སྐབས་སུ་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཁུལ་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱིས་ལས་གཉེར་འགན་འཁུར་གནང་བའི་མི་དམངས་ཀྱི་ཤུལ་བཞག་ནི་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་ཅེས་པའི་བརྗོད་དོན་གཙོ་བོ་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དཀྱིལ་འཁོར་ཐང་ཆེན་དུ་ངོ་མཚར་ཆེ་བའི་ངང་སྤེལ་འགོ་ཚུགས་པ་རེད།

    བྱེད་སྒོ་སྤེལ་ཡུལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཐང་གྲོང་རྡལ་དང་སྐད་ཚགས་ཤང་།ཡང་ཐང་གྲོང་རྡལ་སོགས་ནས་ཡོང་བའི་དཔུང་སྡེ་9ཡི་མི་144ཡིས་གཟབ་མཆོར་ལེགས་པར་སྤྲས་ཏེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་བདེ་ཆེན་སྒོར་བྲོའི་འགྲེམས་སྟོན་འགྲན་བསྡུར་བྱས་ཤིང་།  གྲོང་མི་དང་ཡུལ་སྐོར་བ་ཞིག་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ནས་ལྟ་བར་ཡོང་བ་རེད།

    དཀྱིལ་འཁོར་ཐང་ཆེན་དུ་ཁུལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་ཀྱི་སྲོལ་རྒྱུན་ལག་རྩལ་རིགས་དང་དེ་བཞིན་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་26གིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་དང་ཁུལ་དང་རྫོང་(གྲོང་ཁྱེར་)རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་ས་གནས་ཀྱི་ལྟད་མོ་བར་མངོན་མིན་རིག་གནས་ཤུལ་བཞག་གི་གཟི་མདངས་ཉམས་སུ་མྱོང་དུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ངལ་རྩོལ་བློ་གྲོས་མཉམ་སྤྱོད་བྱེད་ཐུབ་པར་བྱས་པ་རེད།