ཟླ་དྲུག་པའི་ཤམ་བྷ་ལ་སྤྱི་གླིང་ནི་ལྷ་ཡུལ་གྱི་ཞིང་ཁམས་དང་འདྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


     གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤམ་བྷ་ལ་སྤྱི་གླིང་ནི་གྲོང་མི་རྣམས་ཆེས་དགའ་བསུ་ཐོབ་པའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད། གནས་འདི་རུ་དུས་རྒྱུན་དུ་འཆམ་འཆམ་དུ་འགྲོ་མཁན་མང་བ་མ་ཟད། གུང་གསེང་རིང་གནས་འདི་ནི་སྤྲོ་གསེང་གཏོང་སའི་གླིང་ག་ཞིག་ཏུའང་འགྱུར་ཡོད་པས་འདུ་འཛི་རབ་ཏུ་ཆེ། གནས་འདི་ནས་རང་བྱུང་གི་མཛེས་ཉམས་ལ་རོལ་མྱོང་བྱེད་ཐུབ་པ་མ་ཟད། སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་དང་དེང་རབས་ཅན་གྲོང་ཁྱེར་གྱི་འདུ་འཛི་ཡང་རོལ་མྱོང་བྱེད་ཐུབ།

    རྒྱུས་ལོན་བྱུང་བ་ལྟར་ན། ཤམ་བྷ་ལ་སྤྱི་གླིང་ནི་ཀླུ་ཆུ་སྤྱི་གླིང་རྗེས་ཀྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞབས་ཞུའི་ནུས་པ་ཆ་ཚང་ཤོས་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་གླིང་ཞིག་ཡིན་པ་རེད། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་449.25ཡོད་ལ། སྤྱིའི་མ་འཇོག་སྒོར་དུང་ཕྱུར་2.68ཟིན་པ་རེད། ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་དང་གྲོང་མི་ངལ་གསོ་བྱེད་སའི་དགོས་མཁོར་གཞིགས་ནས། སྐལ་བཟང་མེ་ཏོག་ཐང་ཆེན་དང་མཆོད་རྟེན་དཀར་པོའི་སྟེགས་བུ། ལོ་རྒྱུས་འབུར་བརྐོས་བར་ཁྱམས།ཇ་རྟ་གནའ་ལམ།མི་རིགས་མཐུན་སྒྲིལ་སོགས་བརྗོད་གཞི་བྱས་ནས་ཁུལ་བཞི་རུ་དབྱེ་ཡོད་ལ། སྤྱི་གླིང་དུ་རྐང་ཐང་བགྲོད་ས་དང་ལུས་རྩལ་འགྲན་ས། ལས་སྦྱོང་ལྟེ་གནས། བྱིས་པའི་སྤྲོ་སྐྱིད་གླིང་སོགས་ཡོད་པས། རྒན་དར་གཞོན་གསུམ་གྱི་དགོས་མཁོ་སྐོང་ཐུབ་པ་རེད།

    ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རི་སྔོ་ཆུ་དྭངས་རྒྱུན་ནམ་ཅན་གྱི་འཚོ་སྡོད་ཁོར་ཡུག་དང་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་ནས་གྲོང་མི་རྣམས་ལ་དྭངས་གཙང་དང་བདེ་འཇགས། མཛེས་སྡུག བདེ་སྐྱིད་བཅས་ལྡན་པའི་མི་སྡོད་ཁོར་ཡུག་ལེགས་པོ་སྐྲུན་ནས་གྲོང་མིའི་འཚོ་བ་ཕུན་སུམ་ཚོགས་པོ་བཏང་བ་རེད།