​དམར་དམག་ཟམ་པའི་འགྲམ་གྱི་ཁྱིམ་ཚང་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ།

རྩོམ་པ་པོ།   བློ་སྒྲོལ། ལྷ་མཚོ་སོགས།  ཡིག་བསྒྱུར།       དུས་ཚོད།   2021-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     དམར་དམག་ཟམ་པའི་ཐོག་གི་མངོན་གསལ་དོད་པའི་ཡིག་འབྲུ་རེ་རེས་འདས་ཟིན་པའི་གཏམ་རྒྱུད་རེ་རེའི་ནང་དོན་མཚོན་ཐུབ། སྔོན་ཆད་དམར་དམག་རྒྱང་སྐྱོད་བྱས་མྱོང་བའི་ས་གནས་རུ་གྲོང་མི་རྣམས་ཀྱིས་ད་ལྟ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཡོད།  


    1936ལོའི་ཟླ5བའི་ཚེས5ཉིན། དམར་དམག་དཔུང་ཁག་གཉིས་པ་དང་དྲུག་པ་ཀྲུང་ཏེན་རྫོང་ནས་ངལ་གསོ་དང་ལེགས་སྒྲིག་བྱས་རྗེས།དམར་དམག་འབུམ་དཔུང་གཉིས་པ་རྫོང་མཁར་ནས་ཐོན་ཏེ་ཉི་ཤར་བརྒྱུད་ནས་སི་ཁྲོན་དཀར་མཛེས་དང་སྡེ་རོང་ལ་དཔུང་སྐྱོད་བྱས།  ཚེས་7ཉིན་ཧོ་ལུང་དང་རེན་པི་ཧྲིའི་འགོ་ཁྲིད་འོག་དམར་དམག་གིས་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་ཟམ་སྟོད་གྲོང་མི་ཚོ་ཆུང་དུ་བསྐྱོད་ཅིང་།    གངས་ཆུ་ཟམ་པ་བརྒལ་ནས་ཙི་ན་ལ་ལ་མདོ་ལ་འགྲོ་སྐབས།ལོག་སྤྱོད་དྲག་དཔུང་གིས་འཇབ་རྒོལ་བྱས།      དམག་འཐབ་ཁྲོད་དུ་དམར་དམག་དཔུང་ཁག་གཉིས་པ་ཧྲི་ལྔ་བའི་ཚན་མོའུ་ཀྲང་ཐང་ཧྥུ་ལིན་དང་བརྒྱ་དཔོན་ཞའོ་ཞུའེ་ཀྲི་དང་དཔོན་དམག་བཅུ་ལྷག་དཔའ་ངར་གྱིས་རང་སྲོག་བློས་བཏང་བ་རེད།


     གུང་ཁྲན་ཏང་མེད་ན་ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་མེད་ཅེས་ལེའོ་ཝུན་ཧྭ་ཀྱིས་འདི་ལྟར་བཤད་བྱུང་། ཁོ་བོ་ནི་ལོ་དགུ་ལ་སོན་དུས་སྤོ་བོ་ལགས་དང་མཉམ་དུ་འཆར་ལྡན་དཔལ་འབྱོར་གྱི་ཤིང་ཕོར་བཟོ་གྲྭར་སོང་ནས་ཤིང་ཕོར་བཟོ་བའི་ལག་རྩལ་སྦྱངས།   རྒྱུན་དུ་བགྲེས་སོང་མང་པོ་ཞིག་ཁྲོད་ནས་གསར་བརྗེའི་གཏམ་རྒྱུད་གླེང་ཞིང་སྔར་གྱི་དམག་འཁྲུག་གི་དུས་སྐབས་སུ་འཚོ་བ་དཀའ་ལས་ཆེ་བ་ཤེས་ཐུབ།དེང་སྐབས་ཁོང་གིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་དཀའ་སྡུག་ལ་མི་སྐྲག་པའི་བརྩོན་སེམས་ལ་བརྟེན་ནས་ཡུལ་འདིར་ཁོ་ན་ཡོད་པའི་ལག་ཤེས་བཟོ་རྩལ་བོད་ལུགས་ཤིང་ཕོར་བཟོ་བའི་ལག་རྩལ་རྒྱུན་འཛིན་བྱས་ནས་རང་ཉིད་ཀྱིས་བཟོ་གྲྭ་ཕྱེས་པ་དང་ཡོང་འབབ་རག་ཐབས་བྱས་ཏེ་འཚོ་བ་ཡག་པོ་ཞིག་སྐྱེལ་བཞིན་ཡོད། དུས་མཚུངས་ཁོང་གིས་ད་དུང་སྔ་རྗེས་སུ་དགེ་ཕྲུག་30ལྷག་ཙམ་ཁྲིད་དེ་མང་ཚོགས་དབུལ་པོ་རྣམས་ལས་བརྩོན་ཕྱུག་འགྱུར་བྱེད་དུ་བཅུག་ཡོད།


     ཤེས་སྒྲོན་མ་ཚང་ནི་སེམས་ཀྱི་ཉི་ཟླར“8·28”དང་།“8·11”ས་ཡོམ་བརྒྱབ་རྗེས་གླ་པ་བྱེད་དཀའ་ཞིང་དངུལ་བུན་སློག་དཀའ་བས་འཚོ་བའི་དཀའ་ངལ་ལ་འཕྲད་པ་ན།   གནས་ཚུལ་དེ་ཤེས་རྗེས་ལེའོ་ཝུན་ཧྭ་ཡིས་རང་འགུལ་ངང་ཁོང་ཚོར་ལག་བཟོས་ཤིང་ཕོར་བཟོ་བའི་ལག་རྩལ་ཁྲིད་པ་མ་ཟད།  ད་དུང་གླ་ཆ་སྔོན་ལ་སྤྲད་ནས་དངུལ་བུན་འཇལ་རོགས་ཀྱང་བྱས་པ་རེད།  ད་ཆ་ཤེས་སྒྲོན་མ་ཚང་གིས་ཀྱང་རང་ཉིད་ཀྱི་བཟོ་གྲྭ་གཉེར་བས་འཚོ་བ་ཇེ་བཟང་དུ་སོང་ཡོད།   

   ད་ལྟ་གྲོང་ཚོ་འདིར་ལེའོ་ཝུན་ཧྭ་དང་ཤེས་སྒྲོན་མ་དང་འདྲ་བར་ལག་བཟོས་ཤིང་ཕོར་བཟོ་བ་དང་ཕྱིར་ཚོང་བྱེད་མཁན་གྱི་ཁྱིམ་ཚང14ཡོད་པ་རེད།    རྒྱལ་ཁབ་ཀྱི་གནས་སྤོས་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཚོ་ཆུང་གནས་སྤོ་བྱས་རྗེས་ཀྱི་གྲོང་མི་སྔར་བཞིན་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་ལག་བཟོས་ཤིང་ཕོར་བཟོ་བའི་བཟོ་རྩལ་མུ་མཐུད་རྒྱུན་འཛིན་ཡག་པོ་བྱེད་པ་ལས་གཞན།  སིལ་སྡོང་འཛུགས་པ་དང་། ཉི་ཤི་བྱ་ཕོ་གསོ་བ་སོགས་བྱས་ནས་ཞི་བདེའི་ལོ་རབས་སུ་སྔ་འཛིན་ཕྱི་གཏོད་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དམར་དམག་བརྒྱུད་མྱོང་བའི་ས་གནས་སུ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་བཏོད་བཞིན་ཡོད།