འཇོལ་རྫོང་ནས་གདོད་མའི་མིའི་རིཊ་འགུལ་སྐྱོད་ཀྱི་རྗེས་ཤུལ་ཞིག་རྙེད།

རྩོམ་པ་པོ།   རྒྱ་མཚོ། ཆོས་མཚོ།  ཡིག་བསྒྱུར།       དུས་ཚོད།   2021-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཉེ་ཆར་ཡུན་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་།   འཇོལ་རྫོང་རིག་དངོས་དོ་དམ་ཁང་།   འཇོལ་རྫོང་དངོས་མང་བཤམས་སྟོན་ཁང་།   མཉམ་འབྲེལ་གྱིས་གྲུབ་པའི་རིག་དངོས་རྩད་ཞིབ་ཚོ་ཆུང་བཅས་ཀྱིས་འཇོལ་རྫོང་ཧྥུའུ་ཧྲན་ཤང་ལིའུ་ཐུང་ཅང་གྲོང་ཚོའི་རྫིང་སྒང་གྲོང་མིའི་ཚོ་ཆུང་ནས་གནའ་བོའི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་རྗེས་ཤུལ་ཞིག་རྙེད་པ་རེད།  

   གནའ་ཤུལ་དེ་ནི་འཇོལ་རྫོང་ཁོངས་ཀྱི་རྫ་ཆུའི་ལམ་རྒྱུད་དུ་ཤེས་རྟོགས་བྱུང་བའི་གནའ་སྔ་མོའི་མིའི་རིགས་འགུལ་སྐྱོད་ཀྱི་རྗེས་ཤུལ་དང་པོ་དེ་ཡིན་པ་རེད།    རྫིང་སྒང་རྗེས་ཤུལ་ནི་འཇོལ་རྫོང་ཧྥུའུ་ཧྲན་ཤང་ལིའུ་ཐུང་ཅང་གྲོང་ཚོ་རྫིང་སྒང་གྲོང་མི་ཚོ་ཆུང་གི་དེ་སྔའི་སྡོད་གནས་ཁུལ་གྱི་ཤར་ངོས་ས་སྐྱེགས་སྟེང་གནས་ཡོད།   གྲོང་མིས་ངོ་སྤྲོད་བྱས་པར་གཞིགས་ན།   དུས་རབས་གོང་མའི་ལོ་རབས་70པར་ས་ཆ་འདི་དག་སྐས་རིམ་རིམ་པའི་ས་ཞིང་དུ་བསྒྱུར་བ་དང་།   ས་རྒོད་སློག་དུས་གནའ་སྔ་མོའི་རྡོའི་པུར་སྒམ་དང་དེ་བཞིན་རྫ་སྣོད་སོགས་རྙེད་ཡོད། 

རྫིང་སྒང་གནའ་ཤུལ་ནས་ཐོན་པའི་རྫ་ཆས་དུམ་བུ།  

     རྩད་ཞིབ་ཚོ་ཆུང་གིས་དེ་སྔའི་རྫིང་སྒང་སྡོད་ཁུལ་ས་ཁོངས་དབུས་ཀྱི་ཤར་ནུབ་ནས་ཆིང་ཁུག་ལྷོ་བྱང་ས་ཁོངས་བར་དུ་གདོད་མའི་རིག་གནས་རིམ་པ་དང་མེ་སྤྱོད་རྗེས་ཤུལ་སོགས་ཡོད་པ་ཤེས་རྟོགས་བྱུང་བ་དང་།  དེའི་ཁྲོད་དུ་ཆིང་ཁུག་ལྷོ་རྒྱུད་དུ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་ཤུལ་བཞག་ཨང་གྲངས་ནི་རྫིང་སྒང་རྗེས་ཤུལ་Aཁུལ་ཡིན་པ་དང་།  ཆིང་ཁུག་བྱང་ངོས་ཀྱི་ཤར་སྟེགས་ལ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་ཤུལ་བཞག་ཨང་གྲངས་ནི་རྫིང་སྒང་རྗེས་ཤུལ་Bཁུལ་ཡིན།

     རྫིང་སྒང་གི་རྗེས་ཤུལ་Aཁུལ་དུ་ལས་དོན་མི་སྣས་རྗེས་ཤུལ་8ཡོད་པ་ཤེས་རྟོགས་བྱུང་ནས་དེའི་ཁྲོད་ཀྱི་རྗེས་ཤུལ་གཉིས་གཙང་སེལ་བྱེད་སྐབས་ཐོག་སོ་རིམ་པ5ཡི་རིག་གནས་བང་རིམ་ཡོད་པ་ཤེས་རྟོགས་བྱུང་བ་དང་།རྫ་ཆས་ཀྱི་དུམ་བུ་མང་པོ་རྙེད་ཡོད། རྩད་ཞིབ་ཚོགས་ཆུང་གིས་རྗེས་ཤུལ་Aཁུལ་གྱི་ལྟེ་བའི་གཤགས་ངོས་ལ་གཙང་བཤེར་དང་ཞིབ་བཤེར་བྱས་ཏེ་རྩྭ་ལྡུམ་དང་ས་རྡུལ་གཙང་སེལ་བྱས་པ་ན་ས་ངོས་དེ་བང་རིམ་5ལ་ཕྱེ་ཆོག་པ་ཤེས་རྟོགས་བྱུང་ཡོད།  


     རྫིང་སྒང་རྗེས་ཤུལ་གྱི་Bཁུལ་གྱི་སའི་གསེག་ངོས་ཀྱི་མཚམས་ན་ས་རིམ་སྤུངས་ཡོད་པའི་རྡོ་རྩིག་ཁག་6ཡོད་པ་མཐོང་བ་དང་། གྱང་འདི་དག་ནི་རྡོ་རིམ་རྐྱང་བས་གྲུབ་པ་ཞིག་ཡིན་པས་གནའ་སྔ་མོའི་སྲུང་འགེབས་ཀྱི་གྱང་ཡིན་ཤས་ཆེ།  དེ་ཕུད་ད་དུང་རྡོའི་གྱང་གི་ཉེ་འགྲམ་དུ་མེ་ཕུང་བེད་སྤྱོད་བྱེད་པའི་སྣང་ཚུལ་མཐོང་རྒྱུ་ཡོད་ཅིང་།  གཙོ་བོ་སོལ་རྡུལ་དང་ས་སྲེག་རིལ་བུ་ཁག་གཅིག་རྙེད་ཡོད།   གཙང་བཤེར་བྱས་པའི་རྗེས་ཤུལ་གཉིས་ཀྱི་ཁྲོད་དུ་ཕྱིར་མངོན་པའི་རྡོའི་དུར་སྒམ་བྱུང་མེད། 

     རྗེས་ཤུལ་འདིའི་ས་ངོས་ཁག་གཅིག་དང་།   ས་འོག་རྫ་རིས།   ཐལ་རྡུལ་བཅས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས་རྩད་ཞིབ་ཚོ་ཆུང་གིས་གནའ་ཤུལ་འདི་ནི་རྫ་ཆུའི་རྒྱུད་དུ་ཁྱབ་པའི་རྡོའི་པུར་སྒམ་མང་པོ་ཞིག་གི་བང་སོར་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་རགས་ཙམ་བྱས་པ་རེད།