བདེ་མ་ཐང་མ་ཞིག་དགོས་འདོད་ན་གོམས་གཤིས་ངན་པ་འདི་རིགས་སྤོངས་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-09   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

གཅིག ཆུ་ཚད་རན་པོ་བཏུངས་མེད་པ།

    གཟུགས་པོའི་ཆུ་ཕྲན་བུ་ལས་ཤོར་མེད་ནའང་ནུས་རྒྱུ་དོ་སྙོམས་ལ་ཤུགས་རྐྱེན་ཐེབས་སྲིད། གཟུགས་པོར་ཆུ་མི་འདང་ན་ཁྲག་གར་དུ་འགྲོ་བ་མ་ཟད། དབང་པོར་དབྱང་རླུང་དང་འཚོ་བཅུད་སྐྱེལ་བའི་ནུས་པ་ཆུང་དུ་འགྲོ་གི་ཡོད།


    གྲོས་འགོ མི་མང་ཆེ་བས་ལས་ཀ་བྱེད་སྐབས་གློག་ཀླད་ཡུན་རིང་པོ་བེད་སྤྱོད་གཏོང་དགོས་པས་ང་ཚོས་ཆུ་མང་ཙམ་འཐུང་དགོས། ཁྱེད་ཀྱིས་ཆུ་ཚད་རན་ལོད་འཐུང་དགོས་མིན་ལ་གཟུགས་པོའི་ལྗིད་ཚད་÷2×28.5བྱས་ན་ཁྱེད་ཀྱིས་ཉིན་གཅིག་ལ་ཆུ་ཧའོ་ཧྲེང་ག་ཚོད་འཐུང་དགོས་མིན་ཤེས་ཀྱི་ཡོད།གཉིས། གཟུགས་པོར་གཞི་རྒྱུ་ལྕགས་མི་འདང་བ།    གཟུགས་པོར་གཞི་རྒྱུ་ལྕགས་མི་འདང་ན། གསོ་རླུང་ཤ་གནད་དང་ཕྲ་ཕུང་ཕྱོགས་སུ་རྒྱུགས་ནས། ཁོང་ཁྲོ་ལངས་བདེ་བ་དང་། གཟུགས་ཤེད་ཉམས་པ། བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་སོགས་ཡོང་གི་ཡོད།

    གྲོས་འགོ ཚིལ་ཉུང་བའི་ཤ་དང་། སྲན་མ། སྒོ་ང་། སྔོ་ཚལ། ཤུན་པ་སྲ་བའི་ཤིང་ཏོག་སོགས་ཟ་དགོས་པ་མ་ཟད། འཚོ་བཅུད་Cལྡན་པའི་ཟས་རིགས་དང་མཉམ་དུ་བཟས་ན་འཇུ་བྱེད་མ་ལག་གིས་འཇུ་བདེ་རུ་འགྲོ་གི་ཡོད།    གཞན་ཡང་། གཞི་རྒྱུ་མའེ་མི་འདང་ནའང་དཀའ་ལས་ཁག་བདེ་བས། ཉིན་ལྟར་ཤིང་ཏོག་ངང་ལག་དང་ཞོག་ཁོག་བཟས་ནས་གཞི་རྒྱུ་མའེ་གསབ་ཚེ། སྤྲི་དཀར་དང་། ཞག་ཚི། མངར་ཆ་བཅས་ནུས་པར་འགྱུར་བར་རམ་འདེགས་བྱེད་ཀྱི་ཡོད།གསུམ། ཆབ་བེ་ཆོབ་བེའི་ཟས་རིགས་ཟ་རྒྱུར་དགའ་བ།    མི་མང་ཆེ་བ་ཁྱིམ་དུ་ལོག་རྗེས། ལྟད་མོ་ལྟ་གིན་ཆབ་བེ་ཆོབ་བེའི་ཟས་རིགས་ཟ་རྒྱུར་དགའ་པོ་ཡོད། དེ་འདྲ་བྱས་ནས་ཡུན་རིང་སོང་ན་ཁྲག་རྒྱུན་ནང་གི་མངར་ཆ་འཕར་ཆག་མགྱོགས་སུ་སོང་ནས། རང་ཉིད་དཀའ་ལས་ཁ་སླ་པོ་ཡོང་སྲིད།


    གྲོས་འགོ ཐཱན་ཆུ་འདྲེས་པའི་འཚོ་བཅུད་མང་བའི་ཟས་རིགས་མང་ཙམ་ཟ་དགོས་པ་དཔེར་ན། སྙེ་ཅན་ལོ་ཏོག་དང་། གྲོ་ཕྱེ། སྔོ་ཚལ་སོགས་ཀྱིས་ཁྲག་གི་མངར་ཚི་སྙོམས་པར་རམ་འདེགས་བྱེད་ཐུབ། ཞག་ཚི་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས་པ་དང་བཏུང་བྱའི་ནང་གི་ཚིལ་10%ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས།བཞི། ཞོགས་ཟས་ཡག་པོ་མི་བཟའ་བ།    ཞོགས་ཟས་ཡག་པོ་བཟས་ན་གཞི་ནས་རྙིང་དོར་གསར་ལེན་དང་། ཉིན་གང་པོ་གྲུང་ཤ་དོད་པོ་ཡོང་སྲིད། གལ་སྲིད་ཞོགས་ཟས་མ་བཟས་ན་སྒྱིད་ལུག་དང་ཉོབ་སྟངས་སྐྱེས་སྲིད།


    གྲོས་འགོ སྙེ་ཅན་འབྲུ་རིགས་དང་། སྤྲི་དཀར། ཤིང་འབྲས། ཞག་ཚི་རན་པོ་བཅས་ལྡན་པའི་ཟས་རིགས་ནི་སྣ་ཁ་འཛོམས་པའི་ཞོགས་ཟས་རེད།ལྔ། དཀའ་ལས་ཁག་པས་ལུས་པོར་སྦྱོང་བརྡར་མི་བྱེད་པ།    བྱེད་སྟངས་འདི་ནི་ཕྱིན་ཅི་ལོག་པ་ཞིག་རེད། ཞིབ་འཇུག་ལས་མངོན་དོན། ཡུན་རིང་སྡོད་རྒྱུར་དགའ་ཡང་ལུས་པོ་བདེ་ཐང་ཡིན་པའི་མི་དག གཟའ་འཁོར་རེར་ལུས་སྦྱོང་ཐེངས་3དང་ཐེངས་རེར་སྐར་མ་20བྱས་ཚེ། གཟའ་འཁོར་6གི་རྗེས་སུ་ཁོང་ཚོ་དཀའ་ལས་ཁག་བདེ་པོ་མེད་པ་དང་ལུས་པོ་དེ་སྔོན་ལས་བདེ་བ་ཡོང་གི་ཡོད། རྒྱུན་གཏན་ནས་ལུས་སྦྱོང་བྱས་ཚེ་ལུས་པོའི་སྟོབས་ཤུགས་དང་ཐེགས་ཤུགས་ཆེ་རུ་འགྲོ་བས། སྙིང་ཁམས་ཁྲག་རྩའི་མ་ལག་གིས་གསོ་རླུང་དང་བཅུད་ལྡན་དངོས་རིགས་ལུས་པོའི་ཆ་ཤས་གང་སར་སྐྱེལ་བར་རམ་འདེགས་བྱེད་ཐུབ།


    གྲོས་འགོ ལུས་སྦྱོང་ཚང་མས་ངལ་དུབ་སེལ་གྱི་ཡོད། དཔེར་ན། ཞབས་བྲོ་རྒྱག་པ། ཕྱིར་འཆམ་འཆམ་ལ་སོང་བ། རི་འཛེག་པ་སོགས། གལ་སྲིད་འགུལ་སྐྱོད་རྩ་བ་ནས་བྱེད་འདོད་མེད་ན། རྐང་པའི་འོག་ཏུ་སྔས་མགོ་མཐོ་ཙམ་བརྒྱབ་པ་དང་ཆབས་ཅིག གན་རྐྱལ་དུ་ཉལ་ན་ཁྲག་མགོ་བོར་རྒྱུགས་ནས་རིག་པ་དྭངས་བར་བྱེད་ཀྱི་ཡོད། དྲུག གཟའ་མཇུག་ཏུ་དགོང་མོ་ཕྱི་པོ་ཉལ་བ་དང་ཞོགས་ཉལ་རྒྱག་པ།    གཟའ་ཉི་མའི་དགོང་མོར་ཕྱི་པོ་ཉལ་ན་གཟའ་ཟླ་བའི་ཞོགས་པ་སྔ་པོ་ལངས་མི་ཐུབ། 


    གྲོས་འགོ གཟའ་མཇུག་ཡིན་ནའང་ཞོགས་པ་རྒྱུན་གཏན་ལྟར་ལངས་དགོས། གལ་སྲིད་ལངས་འདོད་མེད་ནའང་ཆུ་ཚོད་ཕྱེད་ཀ་ལས་འགལ་མི་རུང་། དེ་འདྲ་མ་བྱས་ཚེ་གཟུགས་པོར་དཀའ་ལས་ཁག་པའི་སྣང་ཚུལ་ཡོང་སྲིད།