ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་གྱི་སློབ་གསོ་སྤེལ་བ།

རྩོམ་པ་པོ།   བློ་བཟང་གཡང་འཛོམས།  ཡིག་བསྒྱུར།       དུས་ཚོད།   2021-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཅིན་ཅང་གྲོང་རྡལ་ཤིང་ཝུན་གྲོང་ཚོའི་ས་སུའུ་པི་གྲུ་ཁ་རུ་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གི་བླ་ན་མེད་པའི་གསར་བརྗེའི་སྙིང་སྟོབས་ཀྱི་བསྟོད་གླུ《བདུན་སྲུང·རྒྱང་སྐྱོད》ཅེས་པ་གྱེར་འདོན་བྱས་ནས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་རེད། 

         ཟླ་6པའི་ཚེས་3ཉིན་ནས་ཚེས་4ཉིན་བར་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་སློབ་དང་ལས་བཟོ་ཡོངས་ཅིན་ཅང་གྲོང་རྡལ་གསར་བརྗེའི་ལོ་རྒྱུས་གསར་བརྗེའི་འགྲེམས་སྟོན་ཁང་དང་།   ཤིང་ཝུན་གྲོང་ཚོ་ས་སུའུ་པི་གྲུ་ཁ།   ཤིང་ལུང་གྲོང་ཚོའི་ཡའོ་ཅ་སྒོ་ར་ཆེན་པོ་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་ཁྲིད་བྱེད་སྒོ་སྤེལ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྦྱོང་བརྡར་དང་ལེན་བྱས་པ་རེད།

          ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་མཉམ་དུ་དམར་དམག་གི་གསར་བརྗེའི་ལོ་རྒྱུས་ཤུལ་བཞག་དངོས་པོར་གཟིགས་པ་དང་དམར་དམག་རྒྱང་སྐྱོད་བྱས་མྱོང་བའི་ལམ་བུར་བསྐྱོད་པ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བཅས་གནང་བ་རེད།  གྲུ་ཁ་རེ་རེ་ནས་ཚང་མས་གཏམ་རྒྱུད་རེ་རེ་ཞིབ་ཏུ་ཉན་པ་དང་འདྲི་རྩད་ཞིབ་ཚགས་བྱས་ཏེ་ལོ་དེའི་དམར་དམག་རྒྱང་སྐྱོད་ལམ་བུའི་ཐོག་གི་དཀའ་ཚེགས་མྱོང་ཚོར་ཟབ་མོ་བྱུང་བ་དང་།  དམར་དམག་གིས་ཕུགས་བསམ་དང་དད་སེམས་བརྟན་པོ་འཆང་ལུགས་དང་།  མི་དམངས་མང་ཚོགས་ལ་བཅངས་པའི་བརྩེ་དུང་།  གསར་བརྗེའི་བྱ་གཞག་ལ་བཅངས་པའི་བློ་དཀར་སེམས་དཀར་བཅས་མྱོང་ཚོར་ཟབ་མོ་བྱུང་བས།  ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་གཅེས་ཆོས་གཅེས་ཀྱི་འདུ་ཤེས་དང་ཏང་དང་རྒྱལ་ཁབ་ལ་བཅངས་པའི་ཁོངས་གཏོགས་བསམ་པ་དང་ངོས་འཛིན་གཅིག་མཐུན་གྱི་བསམ་པ་སྔར་བས་ཆེ་རུ་ཕྱིན་ཡོད།      ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཚང་མར་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱུང་ཡོད།    ནང་བསྟན་སློབ་གླིང་གི་སློབ་མ་བློ་བཟང་ཚུལ་ཁྲིམས་ཀྱིས་བཤད་ན་ད་ཐེངས་ང་ཚོས་གསར་བརྗེའི་ལོ་རྒྱུས་སློབ་སྦྱོང་བྱས་པར་མྱོང་ཚོར་ཟབ་མོ་བྱུང་ཡོད།ང་ཚོར་ད་ལྟ་ཡོད་པ་ཚང་མ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ནང་དོན་གསལ་འགྲེལ་བྱས་ནས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན་ཞེས་བཤད་པ་རེད།

         ཤེས་རྟོགས་བྱུང་བར་གཞིགས་ན།ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ད་ལོ་ནས་བཟུང་ལོ་རྒྱུས་བཞིའི་སློབ་གསོ་དང་ས་གནས་ལོ་རྒྱུས་ཀྱི་ལག་ལེན་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་ཚོར་ཐུབ་པ་དང་།རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་འཕེལ་བ། ཕ་ཡུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི་སྤོབས་སེམས་དང་།འགན་འཁྲིའི་བསམ་པ།  ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཕྱིན་ཡོད་པ་རེད།