《མདོ་ཁམས་གནས་ཡིག་ཕྱོཊ་བསྒྲིཊ་དང་ཞིབ་འཇུག》པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-08   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

    ཉེ་ལམ། ཁམས་པའི་རིག་གནས་ཞིབ་འཇུག་གི་མུ་འབྲེལ་དཔེ་ཚོགས་ལས《མདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས་དང་ཞིབ་འཇུག》ཅེས་པའི་དེབ་དང་པོ་དང་གཉིས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

    དེབ་འདིའི་ནང་དུ་གཙོ་བོ་ཡིག་ཆ་རྙིང་དག་གཞིར་བཟུང་སྟེ་ཡིག་ཚང་རིག་པ་དང་ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་གི་ཐབས་ལམ་གཉིས་ཟུང་འབྲེལ་བྱས་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཙོ་བྱས་པའི་ཁམས་ཁུལ་གྱི་གནས་རི་དང་གནས་མཚོ། གནའ་ཤུལ་གྲགས་ཅན་སྐོར་ནས་ཞིབ་ཕྲ་སྒོས་ངོ་སྤྲོད་བྱས་ཡོད་ཅིང་། གྲུབ་འབྲས་འདི་དག་གིས་བོད་ཀྱི་སྲོལ་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་དང་སྐྱེ་ཁམས་བར་གྱི་རྒྱུན་མཐུད་འབྲེལ་བ། དེ་མིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་ཆུའི་རིག་གནས་སྐོར་མི་ཉམས་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ངེས་ཅན་ཐོན་པར་གདོན་མི་ཟའོ།།