འཛམ་གླིང་ན་སྐད་གྲགས་ཡོད་པའི་ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོ།

རྩོམ་པ་པོ།   རིག་འཛིན་རང་གྲོལ་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2021-06-07   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

     ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོ(Shanghai Tower)ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་ས་རྟགས་ཅན་གྱི་ཐོག་ཁང་ཆེན་མོ་ཞིག་ཡིན་པ་དང་། དེའི་ཇུས་འགོད་མཐོ་ཚད་དེ་ཉེ་འགྲམ་གྱི་ཧྲང་ཧའེ་གོ་ལའི་དངུལ་རྩའི་ལྟེ་གནས་ལས་བརྒལ་ཡོད། ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་ལས་གཞིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་433954ཡོད་པ་དང་། ཐོག་བརྩེགས་119ཡོད་ལ། སྤྱིའི་མཐོ་ཚད་སྨི་632ཟིན། སྒྲིག་གཞིའི་མཐོ་ཚད་སྨི་580ཟིན་ཡོད། འཁོར་རིགས་དང་རླངས་འཁོར་འཇོག་ས་ས་འོག་ཏུ་བཀོད་སྒྲིག་བྱས་ཡོད་པས་ཤོང་ཚད་2000ཡིན།

     2008ལོའི་ཟླ་11པའི་ཚེས་29ཉིན། ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་གཙོ་ཁང་གི་རྨང་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས། 2016ལོའི་ཟླ་3པའི་ཚེས་12ཉིན་ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་འཛུགས་སྐྲུན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་། 2016ལོའི་ཟླ་4པའི་ཚེས་27ཉིན་ཧྲང་ཧའེ་ལྟེ་གནས་འཛུགས་སྐྲུན་པའི་གཟི་བརྗིད་ལྡན་པའི་གྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ་དང་འབྲེལ་རིམ་པ་བཞིན་ཚོད་ལྟའི་གཉེར་སྐྱོང་བྱ་རྒྱུ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། 2017ལོའི་ཟླ་4པའི་ཚེས་26ཉིན། ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་ཐོག་བརྩེགས་118པར་གནས་པའི་ཧྲང་ཧའེ་ཡང་རྩེའི་ལྟ་སྐོར་ཚོམས་ཆེན་སྤྱི་དམངས་ལ་སྒོ་ཕྱེ་པ་རེད།

དེང་རབས་ཀྱི་ཆེས་མཐོའི་ཐོག་ཁང་དང་འདྲ་བར། ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོ་ནི་གཞུང་ལས་ཐོག་ཁང་ཞིག་ཡིན་པར་མ་ཟད། ཁུལ་དགུའི་ནང་དུ་རང་རང་གི་མཁའ་དབྱིངས་ཀྱི་ཚོམས་ཆེན་དང་བར་ཁྱམས་ཡོད་པ་དང་། ཕྱི་ནང་གི་ཤེལ་གྱི་གྱང་བར་དུ་བཙིར་ཡོད། ཁུལ་དང་པོ་ནི་སིལ་ཚོང་ཁུལ་ཡིན་ཞིང་། ཁུལ་གཉིས་པ་ནས་དྲུག་པའི་བར་གཞུང་ལས་ཁུལ་ཡིན་པ་དང་། ཁུལ་བདུན་པ་ནས་དགུ་བའི་བར་མགྲོན་ཁང་ལྟ་སྐོར་ཚོམས་ཆེན་ཡིན། མཁའ་དབྱིངས་ཚོམས་ཆེན་གྱི་ཐོག་བརྩེགས་ཚང་མར་རང་ཉིད་ཀྱི་སིལ་ཚོང་ཁང་དང་ཟ་ཁང་བཙུགས་ནས་དྲང་འཕྱང་གི་ཚོང་ལས་ཁུལ་ཞིག་གྲུབ་ཡོད་པ་རེད།

     ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོ་དེ་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ཁང་པ་ཞིག་ཡིན་པའི་ངོས་ནས་གཞུང་ལས་གཙོ་བོར་བྱེད་པ་དང་ལས་རིགས་གཞན་དག་ལ་འགྲེམས་སྟོན་དང་། མགྲོན་ཁང་། ལྟ་སྐོར་རོལ་རྩེད། ཚོང་ལས་སོགས་ཡོད་པ་རེད། ཐོག་བརྩེགས་ཁང་ཆེན་དེ་ནུས་པའི་ཆ་ནས། ཁུལ་ཆེ་གྲས་ལྔ་ལ་དབྱེ་ནས་བསྐྲུན་པ་ཞིག་ཡིན་པ་དང་། དེའི་ནང་སྤྱི་དམངས་ཀྱི་ཚོང་ལས་རོལ་རྩེད་ས་ཁོངས་དང་། དམའ་འབྲིང་མཐོ་གསུམ་གྱི་ལས་སྒྲུབ་ས་ཁོངས། ཁེ་ལས་འགྲེམ་ཁང་གི་ས་ཁོངས། སྤུས་དག་མགྲོན་ཁང་གི་ས་ཁོངས། རྩེ་མོའི་མྱོང་རོལ་བར་མཐོངས་བཅས་ཚུད་ཡོད། དེའི་ནང་ནས་འཛམ་གླིང་གི་ཡང་རྩེ་ཞེས་པ་ནི་བྱེད་ནུས་མྱོང་རོལ་ཁུལ་ཡིན་ཞིང་། གྲོང་ཁྱེར་འགྲེམས་སྟོན་དང་། རོལ་རྩེད། VIPཨར་ཁང་ཆུང་གྲས་དང་། བཟའ་བཏུང་། ལྟ་སྐོར་ཐུག་འཕྲད་སོགས་ཀྱི་ནུས་པ་ལྡན། གཞན་ཡང་། ཐོག་ཁང་ཆེན་མོའི་མཐའ་འཁོར་དུ་ད་དུང་མི་1200ཤོང་བའི་ནུས་མང་འགུལ་སྐྱོད་ལྟེ་གནས་བཙུགས་ཡོད་ལ། གཞན་ཡང་ཁུལ་གཉིས་ནས་བརྒྱད་བར་ཁུལ་རེའི་བར་ཐག་ཏུའུ་120རེར་བང་རིམ་གཉིས་ལྡན་གྱི་གྱང་ལས་གྲུབ་པའི་མཁའ་དབྱིངས་ཀྱི་ཚོམས་ཆེན་ཞིག་ཡོད་པ་དང་། ཐོག་བརྩེགས་ཧྲིལ་པོར་བར་སྣང་གི་ཚོམས་ཆེན་ཁྱོན་21ཡོད་པ་དང་ཚོམས་ཆེན་ནང་གི་མཐོང་རྒྱ་དང་མཛེས་ལྗོངས་ཚང་མ་གསལ་པོར་མཐོང་ནས་མི་རྣམས་ལ་སྐྱིད་སྣང་དོད་པའི་གཞུང་དོན་དང་འབྲེལ་འདྲིས་སྤྲོ་གསེང་གི་བར་མཐོངས་ཤིག་དང་དེ་བཞིན་རྒྱུན་གཏན་གྱི་འཚོ་བར་ལེ་ལག་ཚང་བའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།

      ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་པང་གཅལ་ཆེ་ཤོས་སྨི་རྒྱ་དཔངས་གྲུ་བཞི་མ་61000ཡོད་པའི་ཨར་འདམ་ལུགས་རྒྱག་གི་ལས་དོན་དེ་2010ལོའི་ཟླ་3ཚེས་29ཉིན་གྱི་ཐོ་རེངས་སུ་ལེགས་སྒྲུབ་བྱས་པ་དང་། དེ་ནི་འཛམ་གླིང་གི་དམངས་སྤྱོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལམ་གསར་གཏོད་པ་རེད། ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་རྨང་གཞིའི་ཞབས་པང་ཆེན་པོར་ལུགས་བརྒྱབ་ནས་ཨར་ལས་བྱེད་པའི་དཀའ་གནད་ནི། ཐོག་སོ་གཙོ་བོའི་གཏིང་རྨང་དོང་ནི་གོ་ལ་ཧྲིལ་པོར་མཐོང་དཀོན་པའི་ཆེས་ཟབ་པ་དང་། ཆེས་ཆེ་བ། གདུང་མ་མེད་པའི་འདེགས་སྐྱོར་བཅས་ཀྱི་ཕྱོགས་རྐྱང་པའི་བཟོ་སྐྲུན་གྱི་རྨང་དོང་ཞིག་རེད། དེའི་ཞབས་པང་ཆེ་ཤོས་ནི་ཚངས་ཐིག་སྨི་121དང་མཐུག་ཚད་སྨི་6ཡོད་པའི་སྒོར་དབྱིབས་ཀྱི་ཨར་འདམ་སྟེགས་བུ་ཞིག་ཡིན་པ་དང་། སྨི་གྲུ་བཞི་མ་11200ཡི་རྒྱ་ཁྱོན་དེ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་1.6གི་ཆེ་ཆུང་གི་མཐུག་ཚད་དང་མཚུངས་ཀྱི་ཡོད། དེ་ནི་ཐོག་སོ་གཉིས་ལྡན་གྱི་མཐོ་ཚད་དུ་སླེབས་ནས་འཛམ་གླིང་གི་དམངས་སྤྱོད་བཟོ་སྐྲུན་གཞི་པང་གི་བོངས་ཚད་མཐོ་ཤོས་དེ་རེད། དེའི་ཨར་ལས་ཀྱི་དཀའ་ཚད་ཆེ་བ་ནི་ཨར་འདམ་མཁོ་སྤྲོད་དང་ཨར་འདམ་རྒྱག་པའི་བཟོ་རྩལ་ལ་མཚོན་ན་འགྲན་སློང་ཧ་ཅང་ཆེན་པོ་ཞིག་རེད། མཐོ་ཚད་ལ་སྨི་632ཡོད་པའི་ཐོག་བརྩེགས་ཀྱི་ཞབས་པང་ཡིན་པའི་ངོས་ནས་བརྗོད་ན། དེ་དང་དེའི་གཤམ་འོག་གི་ཐོག་བརྩེགས་ཁང་ཆེན་ཀ་བ་ཆེན་པོ་955དང་མཉམ་དུ་ཐོག་བརྩེགས་121ཡོད་པའི་ཐོག་ཁང་ཆེན་མོའི་ལྗིད་ཤུགས་འདེགས་དགོས་ལ། འདི་ལ་རྒྱ་མཚོའི་ལྷ་ཁྲི་ཞེས་བརྗོད་ཀྱི་ཡོད་པ་རེད།

      ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་ཕྱི་རོལ་གྱི་གྱང་ལས་གྲྭ་དེ་གྲུབ་ཆའི་མ་ལག་འདེགས་སྐྱོར་བྱེད་པའི་འགག་རྩའི་གནས་སུ་གྲུབ་ཆ་རྐྱོང་སྐུམ་བྱེད་ཆོག་པའི་འདྲེད་སྤོའི་གནས་སྤོའི་ཇུས་གཞི་ཞིག་བདམས་ནས། ཕྱི་ཕྱོགས་ཀྱི་ནུས་པའི་འོག་འཆར་འགོད་ཁྱབ་ཁོངས་ནང་གྱེན་དང་ཡང་ན་གཡས་གཡོན་ཀྱི་གནས་སྤོའི་གནས་ཚུལ་ཐོན་ན་ཡོལ་གྱང་གི་གྲུབ་ཆར་བསྟུན་ཤུགས་ཆེ་དྲགས་པའི་དབང་གིས་གཏོར་བཤིག་མི་ཕོག་པ་བྱས་པ་རེད། རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཡང་བཀག་འགོག་ནུས་ལྡན་བྱེད་ཐུབ། རླུང་ཆེན་དང་། དྲག་ཆར། མཐོ་གནོན་སོགས་ཀྱི་ཆ་རྐྱེན་ངན་པའི་འོག་ཧྲང་ཧའེ་ལྟེ་བའི་གྱང་གི་ནུས་པ་ཁག་ཇུས་འགོད་ཀྱི་བླང་བྱའི་ཚད་ལ་སླེབས་རྒྱུ་འགན་ལེན་བྱས་ནས་ཤེལ་ཆར་གཏན་འགོག་བྱེད་པ་དང་། ཕྱིའི་གྱང་ལ་ཆུ་སྟུག་རང་བཞིན་དང་། རླུང་གི་ནུས་པ། རླུང་གི་གནོན་ཤུགས་འགོག་ནུས། ངོས་སྙོམས་ནང་གི་དབྱིབས་འགྱུར་ནུས་པ་བཅས་ཀྱི་རང་བཞིན་བཞིའི་ཚོད་ལེན་དང་དེ་བཞིན་150%ཡི་ཇུས་འགོད་འོག་སྒྲིག་གཞིའི་བདེ་འཇགས་སོགས་ཀྱི་ནུས་པ་ཚོད་ལྟ་བྱས་ནས་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།

ཇུས་འགོད་པས་ད་དུང་གྱང་ཕྱིའི་ཤེལ་ལ་འགོག་སྲུང་མང་པོ་བྱས་ཡོད་པ་སྟེ། འགོག་སྲུང་དང་པོ་ནི་ཤེལ་དཀར་ཚད་ལས་བརྒལ་བ་སྤྱོད་རྒྱུ་དེ་ཡིན་པ་དང་། དེ་ནི་ལྕགས་སྣ་དཀྱུས་མ་དང་བསྡུར་ན་འབར་གས་བྱེད་ཚད་དེ་ཀླད་ཀོར་ཙམ་ལས་མེད་པ་རེད། འགོག་སྲུང་གཉིས་པ་ནི་ཤེལ་གྱི་ནང་དུ་སྤྱིན་ཤོག་བསྣན་ཡོད་ལ། ཤེལ་དེ་ཤུགས་དྲག་པའི་ཐོ་བས་ཚོད་ལྟ་བྱས་ནས་རིམ་གྱིས་གས་ཀྱང་། དུམ་ལེབ་ཡོད་ཚད་ཀྱང་སྤྱིན་ཤོའི་སྟེང་དུ་དམ་པོར་འབྱར་ནས་སར་མི་ལྷུང་མི་སྲིད། དེ་མ་ཟད་རིམ་ཟུང་གྱང་བར་གྱི་ཁོག་སྟོང་དེ་དྲོད་ཚད་ཀྱི་བར་ཆོད་ཁུལ་ཞིག་ཏུ་གྱུར་ཏེ། ཆུ་ཚའི་དམ་བུ་དང་འདྲ་བར་ཁང་བའི་ནང་དུ་ཐད་ཀར་ཕྱི་ཕྱོགས་དང་ཚ་དྲོད་བརྗེ་རེས་བྱེད་པ་འགོག་ཐུབ་ལ། དྲོད་ལེན་དང་འཁྱག་བཟོའི་ནུས་པའི་ཟད་གྲོན་རིམ་པ་གཅིག་ཅན་གྱི་གྱང་ལས་50%ཡས་མས་ཇེ་དམའ་རུ་བཏང་ཡོད།

      2016ལོའི་ཟླ་4ཚེས་27ཉིན་ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་འཛུགས་སྐྲུན་པའི་གཟི་བརྗིད་ལྡན་པའི་གྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ་དང་ཧྲང་ཧའེ་ལྟེ་བའི་འཛུགས་སྐྲུན་པའི་གཟི་བརྗིད་གྱང་ཡང་ཉིན་དེར་འགོ་བཙུགས་པ་རེད། འཛུགས་སྐྲུན་ལ་ཞུགས་མཁན་མི་རེ་ངོ་རེའི་བྱས་རྗེས་བློ་ལ་བརྟན་པོར་ངེས་ཆེད། སྤྱི་ཚོགས་ལ་ཁོ་ཚོའི་ངལ་རྩོལ་གྱི་རིན་ཐང་གཏན་འཁེལ་བྱེད་དུ་བཅུག ཁོང་ཚོའི་མི་ཚེའི་ཁྲོད་ཀྱི་ཆེས་དོན་སྙིང་ལྡན་པའི་ལོ་རྒྱུས་ཤིག་རྒྱུན་འཛིན་བྱས་ནས་ལག་ཤེས་པའི་སྙིང་སྟོབས་དང་ངལ་རྩོལ་གྱི་ཆེས་གཟི་བརྗིད་ཆེ་ཤོས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཧྲང་ཧའེ་ལྟེ་བས་ལོ་གསུམ་ལྷག་ཙམ་གོང་ཇུས་འགོད་བྱེད་འགོ་བཙུགས་ནས་ཆེད་མངགས་གཙོ་ཁང་གི་ནུབ་ངོས་སུ་རིང་ཚད་སྨི་60ཅན་གྱི་ཤེལ་གྱི་གཟི་བརྗིད་གྱང་ཞིག་བཙུགས་ནས་ལས་ཁུངས་500དང་མི་4021གི་མིང་བརྐོས་ཡོད་པ་རེད།

     དེ་མིན་ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་བཟོ་དབྱིབས་ཀྱིས་ནུས་རྒྱུ་གྲོན་ཆུང་གི་དགོས་མཁོ་སྐོང་ཐུབ་ཡོད། དེ་ནི་ཐོག་བརྩེགས་མཐོ་བའི་འཛུགས་སྐྲུན་གྱི་སྲོལ་རྒྱུན་གྱི་ཕྱིའི་སྒྲིག་གཞིའི་སྒྲོམ་གཞི་ལས་སྒྲོལ་ནས་འཁོར་སྐྱོད་དང་དོ་མི་སྙོམས་པའི་ཕྱི་ངོས་ཀྱིས་རླུང་གིས་བརྒྱ་ཆ་24དམའ་རུ་བཏང་བ་དང་། ཐོག་བརྩེགས་ཁང་ཆེན་གྱི་གྲུབ་ཆའི་རླུང་ཤུགས་ཀྱི་ཁུར་པོ་ཡང་དུ་བཏང་བ། ལས་གྲྭའི་འགྲོ་གྲོན་གྲོན་ཆུང་བྱས་པ་བཅས་རེད། དེ་དང་ཆབས་ཅིག་སྲོལ་རྒྱུན་གྱི་དྲང་ཐིག་རྣམ་པའི་བཟོ་བཀོད་དང་བསྡུར་ན། ཧྲང་ཧའེ་ལྟེ་བའི་ཐོག་ཁང་ཆེན་མོའི་ནང་ཁུལ་གྱི་སྒོར་དབྱིབས་ངོས་ཀྱིས་མགོ་ཡུ་འཁོར་བའི་འོད་ཚད་14%མར་ཆག་པར་མ་ཟད། ནུས་རྒྱུ་ཟད་གྲོན་བྱེད་ཚད་ཀྱང་ཉུང་དུ་བཏང་ཡོད་པ་རེད། །