མཐོ་རྒྱུགས་སྐབས་ཀྱི་མཉམ་འཇོག་དགོས་པ་ཉི་ཤུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-07   རྩོམ་ཁུངས།    ཁམས་པའི་དྲ་བ།

གཅིག། རྒྱུགས་རའི་ཕྱི་ཡི་མཉམ་འཇོག་བཅུ། 

༡ རྒྱུགས་ལེན་པའི་ཉིན་འདི་དག་གི་རིང་ལ་སྔོན་ཆད་ཟས་མ་མྱོང་བའི་ཁ་ཟས་དང་སྐོམ་ཆུ་སོགས་མི་འཐུང་བ།  

༢ གནམ་གཤིས་ཀྱི་འགྱུར་ལྡོག་ལྟར་གྱོན་པ་སྲབ་མཐུག་གཉིས་གྲ་སྒྲིག་བྱས་ཏེ་ཆམ་ནད་ཕོག་པར་སྔོན་འགོག་བྱེད་རྒྱུ།  

༣  རྒྱུགས་ར་དང་ཐག་ཉེ་ས་ནས་སྡོད་གནས་བཀོད་སྒྲིག་བྱས་ཏེ་རྒྱུགས་ལེན་ས་ཆར་དུས་ལྟར་ཐོན་དགོས།  

༤  རྒྱུགས་སྤྲོད་འཛིན་ཡིག་དང་ཐོབ་ཐང་ལག་འཁྱེར། ཞ་སྨུག། སྣུམ་སྨྱུག་སོགས་ལ་བདག་དམ་བཟང་བོ་བྱས་ཏེ་རྒྱུགས་རར་ཞུགས་དགོས།  

༥ ཚན་རིག་དང་མཐུན་པའི་སྒོ་ནས་ངལ་གསོ་བྱེད་དགོས་པ་དང་ལུས་སེམས་སྙོམས་སྒྲིག་ལ་མཉམ་འཇོག་བྱེད་དགོས།

༦ རྒྱུགས་ལེན་པའི་དུས་ཚོད་དང་ནང་དོན་དག་ཡིད་ལ་དམ་པོར་བཟུང་ནས་བསམ་བློའི་གྲ་སྒྲིག་ཡོད་དགོས། 

༧ རྒྱུགས་རའི་སྒོ་ཁར་འགྲོ་སྐབས་ལྡེ་མིག་དང་ཁ་པར། དུས་ཚོད་སོགས་གཏན་ནས་འཁྱེར་མི་རུང་། 

༨ རྒྱ་ལམ་ནས་འགྲོ་སྐབས་བྲེལ་འཚུབ་མི་སྐྱེ་བར་རང་ཉིད་ཀྱི་བདེ་འཇགས་ལ་གཟབ་དགོས།

༩ རྒྱུགས་བླངས་ཚར་ནས་རྒྱུགས་རའི་ཕྱི་ལ་སོང་ནས་རང་གིས་བཏབ་ཟིན་པའི་ལན་དག་གཞན་ལ་ཞིབ་བསྡུར་དང་གང་དག་འབྲི་མ་ཐུབ་པ། མ་ཤེས་པ་སོགས་ལ་ཕྱིར་དྲན་གཏན་ནས་བྱ་མི་རུང་། སེམས་བདེ་ལ་བབས་ནས་ངལ་གསོ་བྱས་རྗེས་རྒྱུགས་རྗེས་མ་ལ་གྲ་སྒྲིག་བྱེད་དགོས།

༡༠ དྲ་ཚིགས་དང་འཕྲིན་སྟེགས་སྟེང་དུ་རྒྱུགས་ཤོག་གི་ནང་དོན་ཡིན་ཚུལ་གྱི་དཀྲོག་གཏམ་དང་བརྡ་འཕྲིན་ཡོད་པ་དག་ལ་ཡིད་ཆེས་བྱ་མི་རུང་། 

གཉིས། རྒྱུགས་རའི་ནང་གི་མཉམ་འཇོག་བཅུ།

༡ སྐར་མ༡༥སྔོན་དུ་རྒྱུགས་རའི་ནང་དུ་སོང་ནས་འདུག་གནས་སྟེང་བསྡད་དེ་སེམས་ཁམས་ལྷོད་ལ་འབབ་ཏུ་བཅུག་ནས་རྒྱུགས་ལེན་མཁོ་ཆས་དག་ལ་ཞིབ་བཤེར་བྱེད་དགོས། 

༢ རྒྱུགས་ཤོག་ལག་ཏུ་བཞག་ནས་སྐར་མ་ལྔའི་རིང་ལ་དྲིས་ལན་མི་འབྲི་བར་རུས་མིང་དང་རྒྱུགས་ལེན་ཨང་གྲངས་བཅས་འབྲི་དགོས། ད་དུང་ཨང་གཤེར་རྟགས་དྲང་མོར་སྦྱོར་དགོས། 

༣ དྲིས་ལན་རྒྱུགས་ཤོག་སྟེང་དུ་འབྲི་མི་རུང་ལ། དྲིས་ལན་ཤོག་བྱང་སྟེང་འབྲི་དགོས། དྲིས་ལན་ཤོག་བྱང་སྟེང་ནག་ནོག་དང་ནོར་འཁྱུག་མེད་པར་གྲལ་དག་པར་འབྲི་དགོས། དྲིས་ལེན་འབྲི་སྐབས་མཚམས་ཐིག་ལས་མི་བརྒལ་བར་ཐིག་གི་ནང་དུ་འབྲི་དགོས། 

༤ འདེམ་སྐོང་དྲིས་ལན་ཞ་སྨྱུག2Bརྟགས་ཅན་གྱིས་སྐོང་བ་དང་ནང་དོན་གཞན་དག་སྣུམ་སྨྱུག་མདོག་ནག་པོས་འབྲི་དགོས།   གལ་ཏེ་དྲིས་ལན་ནོར་བཅོས་བྱེད་དགོས་ན་འགྱིག་སུབ་ཀྱིས་གཙང་མར་སུབ་རྗེས་ཡང་བསྐྱར་ལན་གསལ་བོར་འབྲི་དགོས། 

༥ དྲིས་ལན་ཤོག་བྱང་ལྟེབ་རྩེག་རྒྱག་མི་ཆོག་པ་དང་ནག་ནོག་བྱས་མི་ཆོག་པར་ངོས་གཙང་མ་ཡིན་དགོས། དྲིས་ལན་ཤོག་བྱང་སྟེང་གི་ཨང་གཤེར་རྟགས་སྦྱར་ཡོད་ས་དང་ངོས་གང་རུང་ལ་དབྱེ་འབྱེད་རྟགས་གཏན་ནས་བརྒྱབ་མི་རུང་། 

༦ བློ་རྩེ་གཅིག་སྒྲིམ་གྱིས་དུས་ཚོད་དམ་འཛིན་ངང་ཡང་དག་པའི་སྒོ་ནས་དྲིས་ལན་འབྲི་དགོས། ཐོག་མར་སླ་བ་དང་རྗེས་སུ་དཀའ་བ་དག་བྲིས་ནས་ཞིབ་བཤེར་བྱེད་པ།  

༧ གདམ་གསེས་འདྲི་གཞི་ལ་ལན་འདེབས་སྐབས་ཡང་དག་ཚད་དང་ཡང་དག་མིན་པའི་ཚད་གཞིར་བཟུང་སྟེ་འདོར་ལེན་ཐབས་བཀོད་རྒྱུ་གལ་ཆེ། 

༨ རྒྱ་ཡིག་དང་བོད་ཡིག། དབྱིན་ཡིག་སོགས་ཀྱི་རྩོམ་ཡིག་འབྲི་སྐབས་ཡི་གེ་གྲལ་དག་ཅིག་འབྲི་རྒྱུ་གལ་ཆེ་ལ་ལྷག་པར་དུ་ཁ་བྱང་དེ་ཚིག་ཉུང་ཞིང་བརྗོད་བྱ་གནད་དུ་ཁེལ་བའི་སྒོ་ནས་གཏན་ཁེལ་བྱས་པའི་ཐིག་གི་སྟེང་དུ་ལེགས་པོར་འབྲི་དགོས། 

༩ འདེམ་རྒྱུགས་འདྲི་གཞིར་ལན་འདེབས་སྐབས་སྔོན་ལ་བསླབས་ཟིན་པའི་ནང་དོན་གཞིར་བཟུང་སྟེ་དོ་སྣང་བྱེད་དགོས་པ་དེར་མཉམ་བཞག་ནས་ལན་འདེབས་རྒྱུ་མ་གཏོགས་འདྲི་གཞི་ཚང་མར་ལན་དགོས་པའི་ངེས་པ་མེད། 

༡༠ རྒྱུགས་ཤོག་སྤྲོད་པའི་དུས་ཚོད་ནི་མཇུག་སྒྲིལ་དུས་ཚོད་ཀྱི་སྐར་མ༣༠ལས་སྔ་མི་རུང་། རྒྱུགས་ར་ནས་སྒོར་བུད་རྗེས་ཕྱིར་ནང་དུ་སོང་མི་ཆོག་པ་ཡིད་ལ་འཛིན་དགོས།