འཛམ་གླིང་ལ་བདེ་ཆེན་རྒྱུས་ལོན་བྱེད་དུ་འཇུག བདེ་ཆེན་ལ་འཛམ་གླིང་ཕྱོགས་སུ་འགྲོ་བར་འཇུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལ།  བདེ་ཆེན་གྱིས་ལོ་རྒྱུས་རང་བཞིན་གྱིས་བལྟོས་བཅས་ཀྱི་དབུལ་ཕོངས་མེད་པར་བཟོས་བ་དང་།  སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ།  མི་རིགས་ཆོས་ལུགས་ལས་དོན་སྐས་རིམ་གསར་པར་སླེབས་པ།  དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གྲུབ་འབྲས་མངོན་གསལ་ཐོབ་པ།  ཏང་གི་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།  ལོ་ལྔ་ཚན་བཅུ་བཞི་པའི་དུས་རིང་དུ།  བདེ་ཆེན་ཁུལ་གྱིས་མུ་མཐུད་ནས་འོད་སྟོང་འབར་བ་འབྲི་རྒྱུ་དང་ཡང་བསྐྱར་གསར་གཏོད་བྱ་རྒྱུ་ཡིན་ལ།  གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པའི་ངར་ཤུགས་ཀྱིས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་འཇུག་པ་དང་མི་རིགས་སོ་སོའི་མི་དམངས་ཡིད་ཚིམ་པའི་དུས་རབས་ཀྱི་རྒྱུགས་ཤོག་གསར་པ་ཞིག་སྤྲོད་རྒྱུ།

        རྩེར་སོན་སྐྱེ་ལྡན་ཟས་རིགས་ཀྱི་ཐོན་ཡུལ་གལ་ཆེན་བཞེངས་སྐྲུན་བྱེད་དགོས།


        བདེ་ཆེན་ཁུལ་གྱིས་འཛམ་གླིང་ཡང་རྩེའི་ལྗང་མདོག་ཟས་རིགས་ཀྱི་སྤུས་རྟགས་བཞེངས་སྐྲུན་བྱ་རྒྱུ་ལ་ཁྱད་ལྡན་དགེ་མཚན་གསུམ་ཡོད་དེ་སྣོད་བཅུད་ཀྱི་དགེ་མཚན་དང་གནམ་གཤིས་སྣ་མང་།  སྣ་ཁ་ཁྱད་པར་ཅན་བཅས།  ཉེ་བའི་ལོ་ཤས་རིང་།  ས་གནས་དེ་ག་ཡིས་གཙོ་གནད་དུ་རྒུན་འབྲུམ་དང་ཀྲུང་ལུགས་སྨན་རྒྱུ།  ཁྱད་ལྡན་ཕྱུགས་རིགས།  ཤ་མོའི་རིགས།  ནས།  སྔོ་ཚལ།  ཤིང་རིགས་སྣུམ་རྫས་བཅས་ཁྱད་ལྡན་ཐོན་ལས་བདུན་འཕེལ་རྒྱས་གཏོང་བ་དང་།  མིག་སྔར།  གཡག་དང་བོད་ཕག  རོང་པའི་བྱ་གསུམ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་སྲུང་སྐྱོང་སྣ་རིགས་སུ་གྱུར་ཡོད།  དུས་མཚུངས་སུ་བདེ་ཆེན་ལ་གཞི་ཁྱོན་ཆེ་བའི་ཞིང་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་མི་ལྡན་པས་ཁྱད་ཆོས་གཙོ་ཁྲིད་དུ་བྱེད་པ་དང་དཀོན་པ་དེ་ཕན་འབྲས་སུ་འགྱུར་ནས་རྩེར་སོན་སྐྱེ་ལྡན་ཟས་རིགས་ཀྱི་ཐོན་ཡུལ་གལ་ཆེན་དུ་བཞེངས་སྐྲུན་བྱས་ཡོད།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ལ་བཀོལ་སྤྱོད་ཐབས་ལམ་གསལ་སྟོན་བྱས་ཡོད་དེ་ལྗང་མདོག་སྐྱེ་ལྡན་གྱི་གནས་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་པ་དང་ས་ཁོངས་མཚོན་རྟགས་ཀྱི་ཐོན་རྫས་ཁག་གཅིག་བཞེངས་སྐྲུན་བྱེད་པ།  ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱེད་དེ་ཕྱོགས་ཡོངས་ནས་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་བསྟར་བྱེད་དགོས།

        འཛམ་གླིང་རྩེར་སོན་གྱི་ཡུལ་སྐོར་གནས་མཆོག་བཞེངས་སྐྲུན་བྱེད་དགོས།

        བདེ་ཆེན་ལ་བཤད་ན་ཡུལ་སྐོར་ལས་རིགས་ནི་ཁྱོན་ཡོངས་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ་པའི་གནད་འགག་ཡིན་ལ།  བདེ་ཆེན་ལ་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད་དེ་གཙང་གསུམ་མཉམ་རྒྱུག་དང་ཁ་བ་དཀར་པོ།  ཧ་པ་གངས་རི།  ཇ་རྟ་གནའ་ལམ།  སྟག་མཆོང་གྲོག་རོང་སོགས་འཛམ་གླིང་ཐོག་སྐད་གྲགས་ཆེ་བ་དང་།  དབུལ་སྒྲོལ་འགག་སྒྲོལ་གྱི་གོ་རིམ་ཁྲོད་རྒྱལ་ཁབ་ཀྱིས་བདེ་ཆེན་ཁུལ་ཡུལ་སྐོར་དབུལ་སྐྱོར་ཆེད་དོན་འཆར་འགོད་བཟོས་བ་དང་།  ཏན་ནུབ་ཆེན་པོའི་ཡུལ་སྐོར་སྐོར་ལམ་འཆར་འགོད་བཟོ་དུས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་ལ་ཆེད་ལས་ཚོགས་པ་སྒྲིག་ཏུ་བཅུག་ནས་བདེ་ཆེན་གྱི་འཆར་འགོད་སྔོན་ལ་བཏོན་པ།

        འཛམ་གླིང་གི་སེམས་ཀྱི་ཉི་ཟླ་བཞེངས་སྐྲུན་བྱེད་དགོས་ན་རྩེར་སོན་གྱི་ཚད་གཞི་ལྟར་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས་པ་དང་། གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་རྩེར་སོན་གྱི་མགྲོན་ཁང་འཛུགས་སྐྲུན་བྱེད་པ།  དོ་དམ་གྱི་ཆུ་ཚད་གོང་དུ་གཏོང་བ་བཅས་བྱེད་དགོས་ལ།  དུས་མཚུངས་སུ་ནན་ཏན་སྒོས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་འཆར་འགོད་བྱེད་དགོས་པ་དང་།  བདེ་ཆེན་ཁུལ་ཡུལ་སྐོར་ལྗོངས་ཁུལ་ཞིག་ཏུ་བརྩིས་ནས་བཞེངས་སྐྲུན་བྱེད་དེ་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་དང་འབྲེལ་ཡོད་ཐོན་ལས།  སྣོད་བཅུད་ཁོར་ཡུག  ཤེས་དཔལ་བྱང་ཚད་སོགས་བརྒྱུད་ནས་ཕྱོགས་ཡོངས་དང་མ་ལག་ཅན་གྱི་ལེགས་འགྱུར་མཐོར་འདེགས་བྱེད་དགོས།     

        གངས་ལྗོངས་མཐོ་སྒང་གི་ཚེ་སྲོག་དང་རྩི་ཤིང་རི་ཆུ་ལ་སྲུང་སྐྱོང་བྱེད་དགོས།


        བདེ་ཆེན་ཁུལ་ནི་འབྲི་ཆུ་དང་རྫ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་གསོ་ཁུལ་གལ་ཆེན་ཡིན་ལ། ཞིང་ཆེན་ཡོངས་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆེས་མཚོན་བྱེད་རང་བཞིན་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན།  རང་ཞིང་ཆེན་དང་རང་རྒྱལ།  ཐ་ན་འཛམ་གླིང་གི་སྣོད་བཅུད་བདེ་འཇགས་ཀྱི་གནས་སྟངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།

        ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལ།  བདེ་ཆེན་ཁུལ་གྱིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱས་པ་དང་།  གཙང་གསུམ་མཉམ་རྒྱུག་གི་འཛམ་གླིང་རང་བྱུང་ཤུལ་བཞག་ཐོན་ཁུལ་སོགས་སྣོད་བཅུད་བྱེད་ནུས་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེར་བཏང་བ།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་མངོན་གསལ་ཐོན་ཡོད།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་བདེ་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྣོད་བཅུད་བྱེད་ནུས་ཁུལ་འཛུཊ་སྐྲུན་ལག་བསྟར་སོཊ་བཀོད་སྒྲིག་བྱས་པ་དང་དམིཊ་འབེན་ནི་སྣོད་བཅུད་ཤེས་དཔལ་འཛུཊ་སྐྲུན་གྱི་མཐོ་ས་བཞེངས་སྐྲུན་བྱེད་པ་དང་ཏན་ནུབ་བྱང་གི་སྣོད་བཅུད་ཀྱི་བདེ་འཇཊ་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དེ་ཡིན།

        མི་རིཊ་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུཊ་སྐྲུན་བྱེད་དགོས།

        སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཤམ་བྷ་ལ་མི་རིགས་མཐུན་སྒྲིལ་བརྗོད་གཞིའི་སྤྱི་གླིང་ནི་མི་རིཊ་སོ་སོའི་མང་ཚོཊ་ཀྱིས་བར་གསེང་བྱུང་སྐབས་འཆམ་འཆམ་འགྲོ་ས་ཞིག་ཏུ་གྱུར་ཡོད་པ་དང་།  ཤམ་བྷ་ལ་མི་རིཊ་མཐུན་སྒྲིལ་བརྗོད་གཞིའི་སྤྱི་གླིང་ནི་བདེ་ཆེན་ཁུལ་གྱིས་མི་རིཊ་མཐུན་སྒྲིལ་གསར་གཏོད་ལས་དོན་གྱི་བསྡུས་རིས་ཞིག་ཡིན་ལ།  ད་ལོའི་ཟླ་དང་པོར་བདེ་ཆེན་ཁུལ་འདི་ཉིད་རྒྱལ་ཁབ་མི་རིཊ་ལས་དོན་ཨུ་ལྷན་གིས་རྒྱལ་ཡོངས་མི་རིཊ་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཞེས་པའི་མིང་བཏཊ་པ་དང་། ས་གནས་དེ་གའི་མི་རིཊ་སོ་སོའི་ལས་བྱེད་པ་དང་མང་ཚོཊ་ཀྱི་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་མ་ཐེབས་ཡོད།

        ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དུ་འགྱུར་རྒྱུར་འབད་དགོས་པའི་བླང་བྱ་བཏོན།  འདི་ལ་བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་ཏང་ཡོན་དང་ལས་བྱེད་པ་དག་གིས་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དོན་འཁྱོལ་བྱ་རྒྱུ་ཡིན་པ་དང་།  ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ།  རྨང་གཞི་སྲ་བརྟན་གཏོང་བ་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་ལས་དོན་གཏིང་ཟབ་སྤེལ་བ་དང་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐོ་སྒང་དུ་ཁྱབ་ཏུ་འཇུག་རྒྱུ་ཡིན་པར་མཚོན།