བོད་ལྗོངས་ཀྱི་འདམ་ར4རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-04   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        རྒྱལ་ཡོངས་འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་འབྲས་བུར་ལྟར་ན། རང་ལྗོངས་ཀྱི་ཚོ་གཅིག་ཅན་གྱི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་8ཡན་ཟིན་པའི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་652.9ཟིན་ཏེ། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་5.3%བཟུང་ཡོད། དེའི་ཁྲོད་རང་བྱུང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.40ཡོད་པ་དང་མིས་བཟོས་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.50ཟིན་གྱི་ཡོད།

        ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་འབྲས་བུར་ལྟར་ན། རང་ལྗོངས་ཀྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་འདམ་ར་སྣ་ཚོགས་ཡོད་པས། འཛམ་གླིང་ཐོག་གི་གཞན་དང་མི་འདྲ་བའི་ས་མཐོའི་འདམ་ར་ཁྱབ་ཁུལ་ཞིག་ཡིན་པ་རེད། དེའི་ཁྲོད་བཀྲ་རི་གནམ་མཚོ་འདམ་ར་དང་། སེར་གླིང་མཚོ་འདམ་ར། སྨྲི་ཏི་ཁ་འདམ་ར། མ་ཕམ་གཡུ་མཚོ་འདམ་ར་བཅས་བཞི་པོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད། ད་བར་ལྗོངས་ཡོངས་སུ་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་15དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་22(ཚོད་ལྟའི་ཁུལ་ཚུད་པ)བསྐྲུན་ཡོད་པ་དང་། འདམ་ར་12རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད་པས། རང་བྱུང་སྲུང་སྐྱོང་ཁུལ་གྱིས་གཙོ་བོར་བྱས་པ་དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སོགས་འདམ་ར་སྲུང་སྐྱོང་གི་མ་ལག་སྣ་ཚོགས་ཤིག་རིམ་བཞིན་གྲུབ་སྟེ། ལྗོངས་ཡོངས་སུ་སྲུང་སྐྱོང་ཐོབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་449ཟིན་ནས། ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི་68.75%བཟུང་ཡོད།