བདེ་ཆེན་ཁུལ་གྱི་སློབ་མ་2542ད་ལོའི་མཐོ་རྒྱུགས་ནང་ཞུགས་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་6པའི་ཚེས་3ཉིན་ཁུལ་སློབ་གསོ་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།2021ལོར་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་དང་སློབ་གྲྭ་གསུམ་གྱི་སློབ་མའི་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་དེ་ཟླ་6པའི་ཚེས་7ནས་ཚེས་9ཉིན་བར་སྤེལ་རྒྱུ་ཡིན་པ་དང་།བདེ་ཆེན་ཁུལ་གྱི་མཐོ་རྒྱུགས་ནང་མིང་ཐོ་འགོད་མཁན་མི་གྲངས་2542ཟིན་པ་དེ་2020ལོ་ལས་164མང་དུ་ཕྱིན་ཡོད་པ་རེད།དེའི་ནང་རིག་ཚན་ལ་མིང་ཐོ་འགོད་མཁན་1416དང་།རང་བྱུང་ཚན་རིག་ཚན་ཁག་ལ་མིང་ཐོ་འགོད་མཁན་879 སློབ་གྲྭ་གསུམ་ལ་མིང་ཐོ་འགོད་མཁན་249བཅས་ཡོད་པ་རེད། མིག་སྔར་མཐོ་རིམ་ལས་རིགས་སློབ་གྲྭས་རང་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་507བསྡུས་པ་དང་ལྷག་མའི་སློབ་མ་2035(སློབ་གྲྭ་གསུམ་གྱི་སློབ་མ་244ཚུད་པ)ད་ལོའི་མཐོ་རྒྱུགས་དང་སློབ་གྲྭ་གསུམ་གྱི་སློབ་མའི་ཡིག་རྒྱུགས་ནང་ཞུགས་རྒྱུ་ཡིན་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་མཐོ་རྒྱུགས་ནང་ཁུལ་ཡོངས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབའ་ལུང་རྫོང་གི་རྒྱུགས་ཁུལ་2བཙུགས་ཡོད་པ་རེད།