དབྱར་དུས་བདེ་སྲུང་ཤེས་བྱ་འདི་དག་ཤེས་ན་ཕན་ཐོགས་ཆེན་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-26   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    1.དབྱར་དུས་རྔུལ་དྲེག་གིས་འཚོས་པའི་གྱོན་གོས་ངེས་པར་དུ་ཆུ་གྲང་མོས་བཀྲུ་དགོས་པ་ལས་ཚ་པོས་བཀྲུ་མི་རུང་། 

    2.དྲི་མ་ཆེ་བའི་སྟོད་གོས་དང་རྐང་སུག་སོགས་བཀྲུ་སྐབས། ཚུའུ་ཏོག་ཙམ་བླུགས་ནས་གཙང་བཤལ་ཐེངས་གཅིག་བཏང་ན་དྲི་ངན་སེལ་ཐུབ།  

    3.དབྱར་དུས་ཕྲུ་གུར་རྫས་འགྱུར་ཚི་སྣའི་རིགས་ཀྱིས་བཟོས་པའི་གྱོན་ཆས་གཡོག་མི་ཉན། གང་ལགས་ཤེ་ན། གྱོན་ཆས་དེ་ཚོར་ཆུ་བཟུང་བའི་ནུས་པ་དང་རླུང་འགྲོའི་ནུས་པ་ཞན་པས་ཕྲུ་གུར་པགས་ནད་ཕོག་ཉེན་ཆེན་པོ་ཡོད།  

    4.དབྱར་དུས་སི་ཤན་གྱིས་བསླས་པའི་རྐང་སུག་ཡུན་རིང་གྱོན་རྒྱུ་མེད། གང་ལགས་ཤེ་ན། རྐང་སུག་དེ་རིགས་ཀྱིས་པགས་པའི་བུ་ག་བཀག་སྟེ་རྔུལ་ཆུ་རང་བཞིན་དུ་ཐོན་རྒྱུ་བཀག་ནས་ཚ་ནད་ཕོག་ཉེན་ཆེ་ཞིང་། པགས་ནད་ན་སྲིད་ལ་ནད་དུག་ཀྱང་འགོ་ཉེན་ཆེན་པོ་ཡོད།  

    5.ཚ་བ་ཆེ་སྐབས་སྲན་ལྗང་དང་། སྲན་ནག སྲན་ཆུང་དམར་པོ་བཅས་སྐོལ་བའི་ཐང་ཡང་སེ་བཏུངས་ན། དེས་ཚ་ནད་དང་། མཆིན་པའི་གཉན་ཚད། རྒྱུ་མའི་ནད། བཤལ་ནད་སོགས་ཀྱི་ནད་རིགས་སྔོན་འགོག་བྱེད་ཐུབ།