བདེ་ཆེན་ནས་དབུལ་སྐྱོར་གློག་བརྙན་ཞིག་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རྒྱལ་ཡོངས་དབུལ་སྐྱོར་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་ཀྱིས་ཆེད་ལས་མཛུབ་ཁྲིད་ཀྱི་འགན་འཁུར་བའི་གློག་བརྙན་རེ་སྒུག་གིས་སྐྱེལ་ཡོང་བའི་སེམས་གཏམ་ཞེས་པ་བདེ་ཆེན་དུ་སྟོན་པ་རེད། ཟླ་5པའི་ཚེས་21ཉིན་གྱི་ཕྱི་དྲོ་བདེ་ཆེན་གྱི་ཚན་པ་མང་པོས་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གློག་བརྙན་ཁང་དུ་མཉམ་སྡེབ་ཐོག་གློག་བརྙན་ལྟ་བར་བསྐྱོད་པ་རེད།

     གློག་བརྙན་ནང་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མི་ཡུས་མུའུ་ཡིས་ཁྱད་དུ་འཕགས་པའི་འཚོ་བའི་ཆ་རྐྱེན་དོར་ནས་མཐའ་མཚམས་རི་གྲོང་གི་ཏེང་ཧྲི་གྲོང་ཚོར་ཡོང་སྟེ་དབུལ་སྐྱོར་དང་བླངས་པ་ཞིག་ཏུ་གྱུར་ནས་གྲོང་མིར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་གློག་བརྙན་བདེན་པ་བདེན་ཐུབ་དང་བབ་ཆགས་པ་དང་ལངས་གཟུགས་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དངོས་འཐབ་ཁྲོད་ཀྱི་ཕྱོགས་གང་ས་ཅི་ཐད་མངོན་པ་དང་རང་རྒྱལ་གྱི་གཞི་རིམ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕུལ་བྱུང་ལས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་ཏང་ཡོན་ལས་བྱེད་པས་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་ཁྱིམ་ཚང་ཆུང་ངུ་དོར་ནས་ཚང་མར་བཅངས་པའི་རླབས་ཆེན་གྱི་བརྩེ་སེམས་མཚོན་པར་བྱས་ཡོད།

    གློག་བརྙན་བལྟས་རྗེས་ཚང་མས་གློག་བརྙན་ཁྲོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་སྐད་གྲགས་མེད་པར་འབད་འཐབ་བྱེད་མཁན་འཐབ་འཛིང་པ་དེ་དག་གིས་སེམས་འགུལ་ཟབ་མོ་ཐེབས་པ་དང་སླད་ཕྱིན་རང་ངོས་ཀྱི་ལས་གནས་ཐོག་རང་འགན་གཙང་སྒྲུབ་བྱས་ཏེ་ངར་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་མུ་མཐུད་སྲ་བརྟན་དུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཤིག་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།