ཡུས་ཧྲུའུ་ཡིས་རིག་གནས་ཡུལ་སྐོར་གྱིས་གྲོང་ཁྱེར་དར་སྤེལ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-21   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས་ཞབས་ཞུ་ཆ་སྡེབ་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་ཁོར་ཡུག་ལེགས་བཅོས་དང་ཡུལ་སྐོར་འགུག་ཤུགས་ཇེ་ཆེར་བཏང་། རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་ལ་ཚོད་འགམ་བྱེད་ཐུབ། ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་མུ་མཐུད་དུ་ཡུལ་སྐོར་རོགས་འདེགས་སྒྲིག་ཆས་ཆུ་ཚད་མཐོར་འདེགས་སུ་བཏང་ནས། རིག་གནས་ཡུལ་སྐོར་གྱི་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ཚོང་རའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པ་རེད། ཕན་ནུས་ལྡན་པའི་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་ཕྱི་ནང་གི་ཡུལ་སྐོར་ཆ་རྐྱེན་ཇེ་ལེགས་སུ་སོང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གསར་འཛུགས་བྱེད་པར་རྨང་གཞི་ལེགས་པོ་བཏིངས། །