ཚེས་21ཉིན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཉེ་ཆར། ཡུན་ནན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱི་བསྒྲགས་སྤེལ་ནས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ(བདེ་ཆེན་དུམ་བུ)སེམས་ཀྱི་ཉི་ཟླའི་གྲོན་བསྡུའི་ས་ཚིགས་དང་། ཡང་ཐང་གྲོན་བསྡུའི་ས་ཚིགས། ཁྲུང་ཅང་ཧོ་གྲོན་བསྡུའི་ས་ཚིགས་བཅས་གྲོན་བསྡུའི་ས་ཚིགས་གསུམ་ཟླ་5པའི་ཚེས་21ཉིན་ནས་བཟུང་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གྲོན་བསྡུའི་གཉེར་སྐྱོང་བྱ་རྒྱུ་རེད།

    རླངས་འཁོར་ཤར་གཏོང་ཐུབ་རྗེས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། ས་དམ་ནས་སེམས་ཀྱི་ཉི་ཟླའི་ཕྱོགས་སུ་འགྲོ་ཡོད་པའི་རླངས་འཁོར་དེ་ངེས་པར་དུ་ལུང་ཕན་གྲོན་བསྡུའི་ས་ཚིགས་ནས་ཐོན་ཏེ་བབས་ཚུགས་ནས་ཐོན་རྗེས་རྒྱལ་ལམ་214བརྒྱུད་ནས་ཁྲུང་ཅང་ཧོ་གྲོན་བསྡུའི་ས་ཚིགས་ཐོག་བསྐྱོད་དེ་ཁྲུང་ཅང་ཧོ་རྒྱུད་དང་ཁྲུང་ཅང་ཧོ་རྒྱུད་ཀྱི་གྲོན་བསྡུའི་ས་ཚིགས་ནས་སེམས་ཀྱི་ཉི་ཟླ་ནས་ས་དམ་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་དགོས། གཞན་ཡང་། སྟག་མཆོང་གྲོག་རོང་གི་གྲོན་བསྡུའི་ས་ཚིགས་གནས་སྐབས་ཤར་གཏོང་ཐུབ་མེད་པས་གནས་སྐབས་སྟག་མཆོང་གྲོག་རོང་གི་གྲོན་བསྡུའི་ས་ཚིགས་ནས་འགྲོ་འོང་བྱེད་མི་རུང་།

    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྷོ་ངོས་ཀྱི་ཡུལ་གསུམ་གྲོང་ཚོར་གནས་པ་དང་། ཏ་ལི་མྱུར་བགྲོད་གཞུང་ལམ་གྱི་པའེ་ཧན་ཁྲང་དུ་ཤར་གཏོང་ཐུབ་པ། ལམ་ཐག་ཧྲིལ་པོར་སྤྱི་ལེ་140ཡོད། དེ་ལོའི་ནང་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།