བསིལ་ལ་འབུད་སའི་གནའ་སྡེ་སྐྱིད་པོ་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-18   རྩོམ་ཁུངས།    བོད་ལྠོངས་ཉིན་རེའི་ཚགས་པར།

        ཤད་ཅེས་པ་ནི་ཡིག་འབྲུ་དང་ཚིག་དོན་ཕན་ཚུན་མི་འཁྲུག་པར་སྟོན་བྱེད་ཀྱི་བརྡ་རྟགས་ཤིག་ཡིན་ལ། ཚིག་དང་དོན་ཕན་ཚུན་མི་འཁྲུག་བའི་ཕྱིར་བཀོལ་སྲོལ་ཡོད། འདི་ལ་ཕུར་ཤད་དང་། སྦྲུལ་ཤད། རིན་ཆེན་སྤུངས་ཤད། དྲག་ཤད་སོགས་ཡོད།

        ཕུར་ཤད་ཀྱི་བརྡ་རྟགས་སུ【།】 སྦྲུལ་ཤད་ཀྱི་བརྡ་རྟགས་སུ【༈】 རིན་ཆེན་སྤུངས་ཤད་ཀྱི་བརྡ་རྟགས་སུ【༑】ད་དུང་གཏེར་ཡིག་འགའི་དྲག་ཤད་དམ་བརྡ་རྟགས་སུ【༔】འདི་འདྲ་བཀོལ་བའི་སྲོལ་ཡང་འདུག ཚིག་བར་གྱི་གཅོད་མཚམས་མི་འཁྲུག་པ་དང་ནང་དོན་གསལ་ཕྱིར་བརྡ་རྟགས་སུ་རྩ་བའི་ཆ་ནས་ཕུར་ཤད་སྦྱར་བ་མང་།  དེར་ཚིགས་བཅད་དང་ཚིག་ལྷུག་གང་གི་སྐབས་ཡིན་མིན་ལ་བསྟུན་ནས་ཆིག་ཤད【།】དང་། ཉིས་ཤད【།།】 ཡང་ན། བཞི་ཤད【།། །།】སོགས་འཚམས་པར་སྦྱར་དགོས་ཏེ། ལེའུའི་བར་མཚམས་དང་གལ་གནད་ཆེ་བའི་རིགས་དག་མཚོན་བྱེད་དུ་སྦྲུལ་ཤད【༈】འབྲི་བའི་སྲོལ་ཡོད་པ་དང་། ཡིག་ཕྲེང་གི་ཐིག་མགོར་འབྲུ་རྡོག་གཅིག་གིས་རྫོགས་པའི་སྐབས་སུ་རིན་ཆེན་སྤུངས་ཤད【༑】འབྲི་སྲོལ་ཡོད། དེ་ནི་གཙོ་ཆེར་ཡིག་འབྲུ་གང་དེ་ཉིད་ཚུགས་ཐུབ་ཆེད་དུ་སྦྱར་བའང་ཤེས་སོ།