བསིལ་ལ་འབུད་སའི་གནའ་སྡེ་སྐྱིད་པོ་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        པི་ཀྲུའུ་ནི་བདེ་ཆེན་འཇོལ་རྫོང་ཐང་སྟེང་ཤང་འཇང་ལུས་གྲོང་ཚོ་སྒང་རུ་ཚོ་ཆུང་དུ་ཡོད་ལ། གནས་འདི་མཚོ་ངོས་ལས་སྨི2600ཡས་མས་ཡོད་པ་རེད། འདི་ནས་སྒང་རུ་གྲོང་མི་ཚོ་ཆུང་དང་དུས་ཚོད་གཅིག་ལྷག་གི་ལམ་ཐག་ཡོད་ལ། སེམས་ཀྱི་ཉི་ཟླ་དང་དུས་ཚོད་གཉིས་ལྷག་གི་ལམ་ཐག་ཡོད་པ་རེད།

        ལོ་རེའི་དབྱར་ཁར་གྲོང་མི་ཡོངས་ཀྱིས་རང་རང་གི་སྒོ་ཕྱུགས་དེད་ནས་པི་ཀྲུའུ་ཕྱོགས་སུ་རུ་བ་སྤར་ལ། གནས་འདི་ནས་སྒོ་ཕྱུགས་འཚོ་སྐྱོང་དང་ལོ་ཏོག་འདེབས་འཛུགས་བྱེད་དེ། སྟོན་ཀར་ཕྱུགས་གི་འཕེལ་ཁ་ཡག་པ་དང་ཞིང་ལ་ལོ་ལེགས་འབྱུང་བར་ཁག་ཐེག་བྱེད་པ་རེད།  ཟླ་བ་11པར་སླེབས་དུས་གྲོང་མི་ཡོངས་ཀྱིས་རང་རང་གི་ཤ་ཤེད་རྒྱས་པའི་སྒོ་ཕྱུགས་དང་ལོ་ལེགས་བྱུང་བའི་འབྲུ་རིགས་འཁྱེར་ནས་ཕྱིར་གྲོང་ཚོར་ཡོང་པ་རེད། 


        གྲོང་མི་རྒན་པ་འགའ་རེས་བཤད་པ་ལྟར་ན། པི་ཀྲུའུ་གནའ་སྡེ་ནི་དུས་རབས་བརྒྱད་པའི་དུས་སུ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཀྱི་རྒྱབ་ཕྱོགས་དམག་ཆས་མཁོ་སྤྲོད་ཀྱི་སྒར་ས་ཡིན་ལ། དེ་རྗེས་མི་འགའ་རེ་འདི་ནས་གཏན་སྡོད་བྱས་པས་དུས་དེ་རིང་གི་པི་ཀྲུའུ་ས་ཆ་འདི་ཡོད་པར་བཤད། གནས་འདི་ཞིང་འབྲོག་འདུས་སྡོད་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ལ། དུས་ད་ལྟ་ཡང་གྲོང་ཚོའི་ནང་གི་རྒན་རབས་པ་མང་བོ་ཞིག་གནས་འདི་ནས་དབྱར་ཁ་སྒོ་ཕྱུགས་ཚོ་སྐྱོང་དང་། སྟོན་ཀ་དང་དགུན་ཁར་ཞིང་ལས་ལས་པའི་གོམས་གཤིས་ཡོད་པ་རེད། དུས་ད་ལྟ་ཡང་པི་ཀྲུའུ་ས་ཆ་འདིར་བོད་ཀྱི་གནའ་བོའི་ཁང་བ་ཡོད་ལ། རི་ངོས་སུ་ཆགས་པའི་གྲོང་ཚོ་འདི་དབྱར་ཁའི་བསིལ་ལ་འབུད་སའི་གནས་སྐྱིད་པ་ཞིག་ཡིན་པ་རེད།