མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དུ་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་མང་པོ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


1.jpg

2.jpg


3.jpg


4.jpg

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ནང་གི་རི་སྐྱེས་སྲོག་ཆགས།

        ཟླ5པ་སླེབས་པའི་ཚུན་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཀྲང་ཡེའི་ཡན་ལག་ཅུས་ཆི་ཧྥིན་སྲུང་སྐྱོབ་ཁང་གི་རི་སྐྱེས་སྲོག་ཆགས་གསའི་བརྟག་དཔྱད་ལས་དོན་མི་སྣས་ཁོངས་གཏོགས་ཁུལ་དུ་བརྟག་དཔྱད་བྱེད་པའི་སྐབས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་དང་། གླག འཕར་བ། ཤྭ་སྐྱ་བཅས་དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྤྱང་ཀི་དང་། སྤྲེ། ཝ་དམར། ཤྭ་སེར། དགོ་བ། གོང་མོ་སོགས་ཀྱི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་མཐོང་ཞིང་། ཉེ་བའི་ལོ་ཤས་རིང་མདོ་ལ་རི་བོ་ཀྲང་ཡེའི་ཡན་ལག་ཅུས་ཀྱིས་རྒྱུན་མཐུད་ངང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་ཐད་ཤུགས་བསྣན་པས། རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་རིགས་མང་པོ་ཞིག་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དུ་མངོན། །