དབྱར་ཟླ་ལྔ་བའི་ནགས་ཕག་མཚོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དབྱར་ཟླ་ལྔ་བ་ཚེས་པ་ན། བདེ་ཆེན་མཐོ་སྒང་གི་ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་ལ། རི་ལུང་ཀུན་དུ་རེ་བའི་ས་བོན་ལ་མྱུ་གུ་འབུས་འགོ་བརྩབས་པ་རེད།  ལྷག་པར་དུ་ནགས་ཕག་མཚོ་རུ་སེམས་ཀྱི་ཉི་ཟླའི་དབྱར་ཟླ་ལྔ་བའི་མཛེས་པ་མངོན། 




        བརྗིད་ཆགས་ཀྱི་ཤྭ་ཁ་རི་བོའི་འདབས་ན།  སྔོ་ལྗང་གི་སྤང་ལྗོང་དཀྱིལ་ན། ལྷོད་ཀྱིས་རྒྱུ་བའི་སྤྲིན་པ་ཐ་ཐོར་ཀྱི་མཁའ་འོག་ན། ནགས་ཕག་མཚོ་ནི་མེ་ལོང་དུ་འཆར་བའི་དག་ཞིག་དང་འདྲ་བར་རླབས་རིས་འཁྱུག་འཁྱུག་ཏུ་ཡོད་ལ། མཚོ་རླུང་འཇམ་པོའི་ཁྲོད་ན་རྟ་ནོར་ལུག་གསུམ་གྱིས་བཅུད་ལྡན་གྱི་དབྱར་འགོའི་རྩྭ་ཆུ་ལ་རོལ་བཞིན་ཡོད་དེ། མཐོང་ལམ་དུ་དབང་བའི་མཛེས་ལྗོངས་འདི་ལ་ཚོན་རིས་གཞན་ཞིག་བཀོད་ཡོད།




        ལོ་འདི་དག་རིང་ས་གནས་སྲིད་གཞུང་གིས་ནགས་ཕག་མཚོའི་འདམ་རའི་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་པ་དང་བསྟུན་ནས། གནས་འདིའི་སྐྱེ་དངོས་སྣ་མང་གི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ས་གནས་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོབ་ཀྱི་འདུ་ཤེས་ཡང་ཇེ་མཐོར་སོང་ཡོད་དེ་རྩྭ་ཐང་དང་ཕྱུགས་སྐྱོང་དོ་མཉམ། མི་དང་སྲོག་ཆགས་མཉམ་གནས་ཀྱི་འཆམ་མཐུན་གྱི་སྐྱེ་ཁམས་མ་ལག་ཅིག་གྲུབ་ཡོད། དེ་ཕྱིར། ཉེ་བའི་ལོ་འདི་དག་ལ་ནགས་ཕག་མཚོ་རུ་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མཐར་འཁོར་གྱི་གྲོང་མིས་ཡུལ་སྐོར་བར་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བཞིན་ཡོད་དེ། དངོས་པ་དོན་གྱིས་དག་གཙང་གི་རི་ཆུ་ནི་གསར་རི་དངུལ་རི་ཡིན་པའི་རྣམ་པ་ཆགས་ཡོད་པ་རེད།