བཅའ་ཁྲིམས་རྒྱུན་ཤེས་ཐུང་ངུ་གསུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-14   རྩོམ་ཁུངས།    མཚོ་སྔོན་ཁྲིམས་ལུགས་ཚགས་པར།

        ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་མ་ཐུབ་ན།ལྟ་སྐྱོང་བྱེད་ཡུལ་ལ་སུས་ལྟ་སྐྱོང་བྱ་དགོས་ཤེ་ན།

        རང་རྒྱལ་གྱིདམངས་དོན་ཁྲིམས་གཞུངགི་དོན་ཚན34པ་དང4པའི་གཏན་འཁེལ་ལྟར་ན། གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་སྟེ། ལྟ་སྐྱོང་མཁན་གྱིས་གནས་སྐབས་སུ་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་ཐབས་བྲལ་ཞིང་ལྟ་སྐྱོང་བྱ་ཡུལ་གྱི་འཚོ་བ་ལྟ་སྐྱོང་བྱེད་མཁན་མེད་པའི་གནས་སུ་ལྷུང་ཚེ། ལྟ་སྐྱོང་བྱ་ཡུལ་སྡོད་གནས་ཀྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བྱ་ཡུལ་ལ་གནས་སྐབས་སུ་དགོས་ངེས་ཀྱི་འཚོ་བའི་ལྟ་སྐྱོང་བྱེད་ཐབས་བཀོད་སྒྲིག་བྱ་དགོས ཞེས་བཀོད་ཡོད།

        མགོ་གཡོག་མགོ་སྐོར་བཏང་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནུས་ལྡན་ཡིན་ནམ།

        རང་རྒྱལ་གྱིདམངས་དོན་ཁྲིམས་གཞུངགི་དོན་ཚན148པའི་གཏན་འཁེལ་ལྟར་ན། ཕྱོགས་གཅིག་གིས་མགོ་གཡོག་མགོ་སྐོར་གྱི་བྱེད་ཐབས་སྤྱད་དེ། ཕ་རོལ་པོས་དོན་དངོས་ཀྱི་ནང་དོན་དང་འགལ་དུ་བཅུག་པའི་གནས་ཚུལ་འོག་སྤེལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ། མགོ་གཡོག་མགོ་སྐོར་ཐེབས་མཁན་ལ་མི་དམངས་ཁྲིམས་ཁང་ངམ་ཡང་ན་འདུམ་འགྲིག་ལས་ཁུངས་ལ་གན་རྒྱ་དེ་ཕྱིར་འཐེན་བྱ་དགོས་པའི་རེ་ཞུ་འདོན་དབང་ཡོདཅེས་བཀོད་ཡོད།

        མི་དཀའ་ཁག་ལ་འཕྲད་ཡོད་པའི་གོ་སྐབས་བེད་སྤྱད་དེ་སྤེལ་བའི་དྲང་སྙོམས་མིན་པའི་བྱ་སྤྱོད་ནུས་ལྡན་ཡིན་ནམ།

        རང་རྒྱལ་གྱིདམངས་དོན་ཁྲིམས་གཞུངགི་དོན་ཚན151པའི་གཏན་འཁེལ་ལྟར་ན། ཕྱོགས་གཅིག་གིས་ཕ་རོལ་པ་ཉེན་ཁའི་གནས་སུ་ཡོད་པའམ་ཡང་ན་བརྡར་ཤ་གཅོད་པའི་ནུས་པ་མེད་པ་སོགས་ཀྱི་གནས་ཚུལ་བེད་སྤྱད་དེ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འཛུགས་སྐབས་དྲང་སྙོམས་མིན་ན། གྱོང་གུད་ཐེབས་མཁན་གྱིས་མི་དམངས་ཁྲིམས་ཁང་ངམ་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་དབང་ཡོདཅེས་བཀོད་ཡོད།