ཡུན་ནན་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆཊ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཧུར་ཐག་གིས་བསྐྲུན་ནས་རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་།  དེའི་ཁྲོད་དུ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་འཕེལ་རྒྱས་ཐད་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཡུན་ནན་གྱི་རྣམ་པ་ཞིག་དེ་བས་ཆགས་ཡོད་པ་རེད།

        ཡུན་ནན་ཞིང་ཆེན་གྱིས་ཅུང་འཐུས་སྒོ་ཚང་བའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་མ་ལག་བཙུགས་ནས་རང་རྒྱལ་སྐམ་ས་ཆེ་མོའི་རྒྱལ་ཁབ་སྤྱི་གླིང་གི་ས་གནས་ཁྲིམས་སྲོལ་དང་པོ《ཡུན་ནན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་།སྐམ་ས་ཆེ་མོའི་གླིང་གཅིག་ཁྲིམས་གཅིག་ཅེས་པ་སྟེ《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དོ་དམ་སྲོལ་ཡིག》བཀྲམས་པ་རེད།  གཞི་རྩའི་ཆ་རྐྱེན་དང་ཐོན་ཁུངས་བརྟག་དཔྱད། གདེང་འཇོག  སྤྱིའི་འཆར་འགོད།  འཛུགས་སྐྲུན་ཚད་ལྡན།   སྐོར་གཡེང་། ལྟ་ཞིབ་ཚད་ལེན།  དོ་དམ་ཚོད་སྐོར།  འགྲེལ་བཤད་སོགས་རྒྱལ་ཁབ་སྤྱི་གླིང་གི་ལག་རྩལ་ཚད་གཞི་ཁག་10སྔོན་ལ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཐབས་ཇུས་བློ་འདྲིའི་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱིའི་ཇུས་གཞི་བཟོ་བའི་ལག་བསྟར་བསམ་འཆར་དང་།  དོ་དམ་དཔྱད་དཔོག་ཕྱོགས་སྟོན། སྐོར་གཡེང་ལྟ་ཞིབ་ཚད་ལེན་བྱ་ཐབས།དམིགས་བསལ་གཉེར་སྐྱོང་རྣམ་གྲངས་དོ་དམ་བྱ་ཐབས་སོགས་དོ་དམ་སྲིད་ཇུས་བཏོན་ནས་ཚོད་ལྟའི་ཁུལ་དུ་དོ་དམ་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་དང་འགན་ལེན་བྱས་ཡོད།


     པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་རྒྱལ་ཐང་གི་ཡེ་ཤུལ་ཉ་མོ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་འཚོ་གནས་སླར་གསོ་བྱུང་བ་དང་།  ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད།  རང་བྱུང་སྣོད་བཅུད་མ་ལག་གི་འཐུས་ཚང་རང་བཞིན་དང་དེ་སྔའི་རང་བཞིན་ལ་སྲུང་སྐྱོང་གང་ལེགས་ཐུབ་པ་བྱུང་ཡོད། དེ་སྔའི་བལ་འཐག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་བསྡུར་ཚེ་ད་ཆའི་པོ་ཏ་མཚོར་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ141ནས་སྤྱི་ལེ་གྲུ་བཞི་མ602བར་ཆེ་རུ་ཕྱིན་ཏེ་ནགས་ཚལ་དང་།འདམ་ར། སྤང་ལྗོངས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས། ས་གཤིས་རྗེས་ཤུལ།  སྲོལ་རྒྱུན་མི་རིགས་ཀྱི་གྲོང་ཚོ་སོགས་སྲུང་སྐྱོང་ས་ཁོངས་སུ་བཅུག་ཡོད་པ་རེད།