ཡུལ་འདི་ན་ལོ8000གོང་གི་བརྡར་བཟོས་རྡོ་ཁབ་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-13   རྩོམ་ཁུངས།    ཁམས་པའི་དྲ་བ།

 ཉེར་ཆར2020ལོའི་ལོ་འཁོར་གྱི་བོད་ལྗོངས་ཀྱི་རིག་དངོས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུའི་ཐོག། ལས་ཁུངས་དང་སློབ་གླིང་མང་པོའི་རིགས་གཅིག་མཁས་ཅན་ཚོས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་དང་ཞིབ་འཇུག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། དེའི་རྣམ་གྲངས་ཤིག་ལས་མངོན་པ་ལྟར་ན། བོད་ལྗོངས་ནུབ་རྒྱུད་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་རྗེས་ཤུལ་སྔ་ཤོས་ཤར་གཏད་མཚོའི་རྗེས་ཤུལ་ཁྲོད་ནས་མཚོ་བོད་ས་མཐོའི་རྡོ་ཁབ་སྔ་ཤོས་ཏེ་ལོ8000ལྷག་གོང་གི་རྡོ་ཁབ་ཅིག་རྙེད་ཡོད་པ་རེད།

    ཤར་གཏད་མཚོའི་རྗེས་ཤུལ་དེ་མངའ་རིས་ས་ཁུལ་རུ་ཐོག་རྫོང་གྲོང་ནས་ནུབ་ཏུ་སྤྱི་ལེ40ཙམ་བསྐྱོད་མཚམས་ན་ཡོད།ཤར་གཏད་མཚོ་ནི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ8ཡོད་པའི་ཚྭ་མེད་མཚོ་ཞིག་ཡིན་ཞིང་ས་བབ་མཐོ་ཚད་སྨི4368ཟིན་གྱི་ཡོད།

   1992ལོར་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོ་ཝུའེ་དང་ལི་ཡུང་ཤན་གཉིས་ཀྱིས་མཚོ་འགྲམ་ནས་རྡོ་བཟོས་ཐོན་རྫས92འཚོལ་བསྡུ་བྱས་པའི་ནང་རྡོ་ཆས་རྙིང་པའི་ཁོངས་སུ་གཏོགས་པའི་ཡོ་བྱད“སྟ་རེ”ཐོན་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་མཁས་ཅན་ཚོའི་དོ་སྣང་ཆེན་པོ་བྱུང་ཡོད།


   2020ལོར་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་དེ་གར་སྨི་ངོས་གྲུ49ཅན་གྱི་འཚོལ་ཞིབ་བྱས་པས་མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ10དང་རྡོ་བཟོས་ཐོན་རྫས1835གསར་རྙེད་བྱུང་བ་མ་ཟད་སྲོག་ཆགས་ཀྱི་རུས་པ1300ལྷག་ལག་སོན་བྱུང་བ་རེད། དུས་རིམ་བརྟག་ཚེ་དེ་དག་ནི་ད་བར་གྱི་ལོ8500ནས7500བར་གྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་དུས་འགོའི་གནའ་རྫས་ཡིན་པ་རེད།

    དེ་ནི་མཚོ་འགྲམ་དུ་གྱི་རྔོན་རྒྱག་རྗེས་ཤུལ་ཞིག་ཡིན་ཞིང་། དེ་ལས་ད་དུང་མཚོ་བོད་ས་མཐོའི་བརྡར་བཟོས་ལག་ཆ་སྔ་ཤོས་ཏེ་རྡོ་ཁབ་ཅིག་ཀྱང་རྙེད་པ་རེད།



    སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའི་ཧུང་ལེའང་ལགས་ཀྱིས“རྡོ་ཁབ་ནི་འཚེམ་གྲུབ་ལག་ཆ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ལ། འདིས་ལྭ་བ་བཟོ་ཐུབ་པ་ཡིན། དེ་བས་ང་ཚོས་ཤར་གཏད་མཚོ་གནའ་མི་གཏན་སྡོད་བྱེད་ས་ཞིག་ཡིན་ཤས་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ད་དུང་མང་པོ་ཞིག་ཞིབ་འཇུག་བྱ་རྒྱུར་ལུས་ཡོད”ཅེས་བཤད།