བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བདེ་ཆེན་ཡུལ་དངོས་གཞུང་དོན་ཚོགས་འདུ་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་དམིགས་ཚད་ངེས་གནས་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་འདི་ཉིད་འཛམ་གླིང་གི་རྩེར་སོན་ཡུལ་སྐོར་གནས་མཆོག་ཏུ་བསྐྲུན་རྒྱུར་བརྩོན་རྒྱུ་རེད།

     རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་ཡོད། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཙུགས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱབ་པ་དང་། རིག་གནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ནང་དོན་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་།  གྲོང་ཁྱེར་དང་རྫོང་གཉིས་ཀྱི་ཐོན་རྫས་ཀྱི་བཀོད་པ་ལེགས་སུ་གཏོང་བ།“ཡུལ་སྐོར་+”འཕེལ་རྒྱས་ཀྱི་སྒུལ་ཤུགས་མགྱོགས་མྱུར་ཆགས་པ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལྟེ་བའི་གནས་བབ་སྔར་བས་བརྟན་དུ་གཏོང་བ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་། ལས་སྒོ་གསར་པ་དང་ཐོན་རྫས་གསར་པ་གཏོད་པ། རིག་གནས་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་ལ་ཤུགས་སྣོན་རྒྱབ་པ། རྒྱལ་ཁབ་ཕྱི་ནང་གི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་གི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་སེམས་ཀྱི་ཉི་ཟླའི་སྣོད་བཅུད་རིག་གནས་ཡུལ་སྐོར་ཁྱབ་འགྱེད་བྱེད་ནུས་ཁུལ་ཧུར་ཐག་གཏོད་ནས་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་ཡོད། 

      རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གསར་བརྗེའི་སློབ་གསོའི་འཐབ་སའི་ནུས་པ་འདོན་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་ལ་ཞབས་འདེགས་ཞུས་ཡོད། བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གསར་བརྗེའི་རིག་གནས་དགོན་སྡེ་དང་། གཞི་རིམ།ཁེ་ལས་བཅས་སུ་སྤེལ་བའི་ལྔ་སྐྱོད་བྱེད་སྒོ་རབ་དང་རིམ་པ་སྤེལ། འགྲེམས་སྟོན་ཁག་གཅིག་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། དྲ་ཐོག་ནས་འགྲེལ་བཤད་པར་གསོ་སྦྱོང་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ས་ཚིགས་ཀྱི་ཞབས་ཞུའི་ནང་དོན་འཐུས་ཚང་དུ་གཏོང་བ། དམག་དཔུང་དང་ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།《དམར་དམག་རྒྱང་སྐྱོད་ལ་བརྟེན་ནས་བདེ་ཆེན་དུ་བསྐྱོད་པ》ཞེས་པའི་ཆེད་དོན་སྐོར་སྐྱོད་འགྲེམས་སྟོན་བྱེད་པ། ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་བདེ་ཆེན་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་ལེན་རྟེན་གཞི་ཡག་པོ་བཏོད་ཡོད་པ་རེད། ཁུལ་དཔེ་མཛོད་ཁང་དང་མཉམ་ལས་ཀྱིས་སྤྱི་པའི་དཔེ་མཛོད་ཁང་གི་ཆབ་སྲིད་གཞུང་ལུགས་ཀྱི་བསམ་བློའི་བང་མཛོད་དང་། རིག་གནས་ཤེས་བྱའི་གསོག་མཛོད། ཚད་ལྡན་ཡིག་ཆའི་དཔྱད་ཡིག་བསྡུ་རུབ་མཛོད་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གླིང་བཙུགས་ནས་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་700ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། གསར་བརྗེའི་གསུང་རབ་དྲ་ཐོག་དཔེ་ཀློག་ལས་སྟེགས་ཧུར་ཐག་བཏོད་པ།སྐད་འཕྲིན་སྤྱི་དམངས་ཨང་རྟགས་ཐོག《གསར་བརྗེའི་གཏམ་རྒྱུད་རི་མོ་སྟེ། མུ་འབྲེལ་རི་མོའི་ནང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་100འཁོར་བ》ཞེས་པའི་ཆེད་དོན་དཔེ་ཀློག་ཞབས་ཞུ་བཏོན་ནས་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ལས་སྟེགས་ཀྱི་གཡུལ་ས་མཁོ་འདོན་ཏན་ཏིག་བྱས་པ་རེད།